མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་གསར་པ་རྩོམ།
2024.10.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་གསར་པ་རྩོམ་དགོས།

ཨན་ཧོས་ཞིང་ཆེན་ཝན་ཧུའུ་གྲོང་ཁྱེར་ཝན་ཀྲི་ཆུས་ཧོང་ཡང་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་མི་སྣ་ཡོན་ཞུའེ་མེ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ང་ཚོའི་འཚོ་བའི་ཆུ་ཚད་མུ་མཐུད་དུ་སྐས་རིམ་གསར་པར་སྙེག་པ་དང་། ང་ཚོའི་ཉེ་འགྲམ་གྱི་དོན་དག་ཆེ་མ་ཆུང་གསུམ་ལ་དོ་ཁུར་ཐོབ་པས། ང་ཚོའི་བདེ་སྣང་དང་ཐོབ་སྣང་། བདེ་འཇགས་ཚོར་བ་བཅས་སྔར་ལས་ཇེ་བཟང་དུ་སོང་ཟེར།

བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་དུང་དཀར་སྲང་ལམ་རྡོ་བསམ་སྡེ་ཁུལ་གྱི་སྡོད་དམངས་འཇིགས་མེད་རྡོ་རྗེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ལ། ན་ནིང་ངེད་ཚང་གི་ཡོང་སྒོ་སྒོར་འབུམ་གཅིག་ལྷག་ལ་སླེབས་པ་དང་། ད་ལྟ་ང་ཚོའི་འཐུང་བའི་ཆུ་ནི་དྭངས་གཙང་གི་ཆུ་ཡིན་ལ། རླངས་འཁོར་ཡང་ཉོས་ཡོད་པས་ཕྱི་རུ་འགྲོ་བར་སྟབས་ཧ་ཅང་བདེ་བ་དང་། ནད་ལ་སྟོན་པའི་ཁོར་ཡུག་ལ་ཡང་ལེགས་བཅོས་ཆེན་པོ་བྱུང་ཡོད་པས། ང་ཚོ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།    ལོ་ངོ75ཡི་རིང་ལ།    ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་བྱས་པས།    དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་བའི་བྱས་རྗེས་ཆེན་པོ་གཉིས་གསར་གཏོད་བྱས་པ་དང་།    ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ལ།    ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ།    ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ།    ངེས་པར་དུ་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལས་རིགས་སོ་སོའི་མི་རྣམས་ལ་འབད་འཐབ་དམིགས་འབེན་ཇེ་བརྟན་དུ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་གནང་།

ནན་ཅིན་མཁའ་འགྲུལ་སློབ་ཆེན་གྱི་མཁའ་འགྲུལ་གྲུབ་ཚུལ་རིག་པ་དང་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁང་གཙོ་བོར་ཚོད་འཛིན་བྱེད་པའི་དགེ་རྒན་ཆེན་མོ་ཝང་ལིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནན་བཤད་གནང་དོན། ཧུར་ཐག་གིས་རྒྱལ་ཁབ་འཕེལ་རྒྱལ་ཡར་ཐོན་གྱི་ལས་དབང་ཀྲུང་གོ་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་ནས།  ང་ཚོའི“གཏན་འཁེལ་གཉིས” ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་རང་འཁྲིའི་ལས་འགན་དུ་བརྩིས་ནས། ཧུར་ཐག་གིས་འགག་རྩའི་ལྟེ་བའི་ལག་རྩལ་ལས་སྒྲོལ་བ་དང་། རང་རྒྱལ་གྱི་མཁའ་འགྲུལ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཀོང་ཏུང་རང་མོས་ཉོ་འཚོང་ཁུལ་ཀོང་ཀྲིག་ནན་ཧྲ་ཁུལ་གསར་ཡན་ལག་ས་ཁུལ་ཚོང་དོན་ཅུའུ་ཡི་ཅུའུ་ཀྲང་ཞེ་ཞའོ་ཧོས་ཡིས་བཤད་རྒྱུར། སྒོ་འབྱེད་ནི་ནན་ཧྲ་ཡི་རྒྱུད་འཛིན་དང་གཞི་རྒྱུ་ཡིན་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་དམ་པོར་བཅངས་ནས་གསར་གཏོད་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་དང་། སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་སྒོ་འབྱེད་ཀྱི་རང་འགུལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་ཐོབ་པར་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཁྱད་སྟོབས་རང་འགུལ་ངང་མངོན་འགྱུར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་བསྐྱོད་དེ་དཔའ་ངར་ཆེན་པོས་གདོང་མཆོང་བྱེད་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།    ལོ་ངོ75ཡི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཆེ་བའི་འཆར་འགོད་བཀོད་པ་མ་ཟད་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལྗོངས་འགྲན་ཟླ་དང་བྲལ་བ་ཞིག་མངོན་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་འབད་འཐབ་ལ་བརྟེན་ནས་བྱ་གཞག་རླབས་ཆེན་བསྐྲུན་ཏེ། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་ལེའུ་མཉམ་དུ་རྩོམ་དགོས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་སྤྱིའི་བཟོ་སྐྲུན་པ་ཏེ་པེ་ཁྲོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། འབྲི་ཆུའི་བཞུར་རྒྱུད་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན་ལ། ང་ཚོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དངོས་གནས་ཕྲག་ཏུ་བླངས་ཏེ། དམིགས་ཡུལ་དམ་པོར་བཟུང་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱས་རྗེས་འཇོག་པ་དང་། འབྲི་ཆུ་དང་རྨ་ཆུས་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཀོས་ཀྲིག་གྲོང་ཁྱེར་རོང་ཅང་རྫོང་ཁྲི་མིན་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཞའོ་པིན་གྱིས་བཤད་རྒྱུར། ང་ཚོས་ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་བྱ་བ་མུ་མཐུད་དུ་ཡག་པོར་སྒྲུབ་ནས། ཐབས་ལམ་མང་པོ་བརྒྱུད་ནས་གནས་སྤོར་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། ལོ་ལོན་དང་བྱིས་པའི་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་དམིགས་ཏེ། སྐར་བཅོ་ལྔའི་དམངས་ཕན་འཚོ་བའི་ཚོགས་པ་ལེགས་སྐྲུན་བྱས་པ་དང་། སྐྱོད་ལམ་གསར་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག་དཀའ་ངལ་གང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་མདུན་སྐྱོད་ཀྱི་གོམ་སྟབས་ལ་བཀག་འགོག་བྱེད་མི་ཐུབ་ཟེར།

ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཁོ་ཚོར་སྐུལ་མ་ཆེན་པོ་ཐེབས་ཟེར།

ཞང་ཀང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚའེ་རོང་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཞང་ཀང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་བཏང་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆོད་སེམས་ཁྲོད་འདྲེས་པར་བྱས་ཏེ། མ་འོངས་པར་ཞང་ཀང་གིས་མུ་མཐུད་དུ་རྒྱལ་གཅེས་ཞང་ཀང་བཅོས་སྐྱོང་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་མུ་མཐུད་དུ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་ཚད་མཐོའི་འགན་འཁྲིའི་སྲུང་སྐྱོང་བྱེད་རྒྱུ་ཡིན་ཟེར།

ཨོ་མིན་སྲང་ལམ་ཚོགས་པའི་མཉམ་འབྲེལ་ཚོགས་པའི་སྤྱིའི་ལས་འཛིན་པ་ཁྲིན་ཅཱ་ལིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་མི་རིགས་བསྐྱར་དར་ནི་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་འདུས་པའི་ང་ཚོའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་ལ། འདིས་ང་ཚོར་ཁ་ཕྱོགས་ཧ་ཅང་གསལ་བོ་ཞིག་བསྟན་ཡོད་པ་དང་། ང་ཚོའི་འགན་འཁྲི་འདུ་ཤེས་ཀྱང་ཇེ་གསལ་དུ་བཏང་ཡོད། དེ་དག་གིས་ང་ཚོར་ཡིད་ཆེས་ཧ་ཅང་བརྟན་པོ་ཞིག་སྦྱིན་ཡོད་ཟེར།

ཐའེ་ཝན་ཧྲི་ཞིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུག་ཙི་ཞང་གིས་བཤད་རྒྱུར། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་གྱི་མཐོ་ཚད་ནས་འགྲམ་གཉིས་ཀྱི་བློ་སྤོབས་གཅིག་བསྡུས་བྱས་པ་དང་། དེ་ལས་བརྩེ་བ་ཆེན་པོ་མཚོན་ལ། འགྲམ་གཉིས་གཅིག་གྱུར་གྱི་ཆོད་སེམས་བརྟན་པོ་མངོན་འགྱུར་བྱེད་རྒྱུ་མཚོན་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།