ལྷ་གྲུ་ཨང་བཅོ་བརྒྱད་པའི་འཕུར་སྐྱོད་པས་བར་སྣང་ནས་མེས་རྒྱལ་ལ་སྨོན་འདུན་ཞུས།
2024.10.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

ཟླ10པའི་ཚེས1ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་དང་།    ལིས་ཚུང་།    ལིས་ཀོང་སུའུ་བཅས་ཀྱིས་ཀྲུང་གོའི་བར་སྣང་ས་ཚིགས་ནས་མེས་རྒྱལ་ལ་སྨོན་འདུན་ཞུས།

དུས་ཆེན་གྱི་སྐབས་སུ། ལྷ་གྲུ་ཨང་བཅོ་བརྒྱད་པའི་ལས་མིའི་ཚན་ཆུང་གིས་འཆར་གཞི་ལྟར་ཚན་རིག་ཚོད་ལྟ་དང་གཞི་གྲངས་འཚོལ་བསྡུ་ལེགས་སྒྲིག་གི་བྱ་བ་སྤེལ་ནས། ཁོར་ཡུག་ཚོད་འཛིན་དང་སྐྱེ་དངོས་སྲུང་སྐྱོབ་ཀྱི་སྒྲིག་ཆས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲུང་སྐྱོབ་བྱས།     ས་ངོས་ཀྱི་མ་ལག་སོ་སོས་རྒྱུན་ལྡན་གྱི་ལས་རེས་བཀོད་སྒྲིག་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་འཕུར་སྐྱོད་པའི་བདེ་འཇགས་དང་བར་སྣང་ས་ཚིགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་ལྟ་རྟོག་བྱེད་ཀྱིན་ཡོད།     འཆར་གཞི་ལྟར་ན།    ཟླ་འདིར་ཀྲུང་གོའི་བར་སྣང་ས་ཚིགས་སུ་ལྷ་གྲུ་ཨང་བཅུ་དགུ་པའི་ལས་མིའི་ཚན་ཆུང་བསུ་རྒྱུ་ཡིན་པ་དང་།    རྩིས་སྤྲོད་བྱས་རྗེས་ལྷ་གྲུ་ཨང་བཅོ་བརྒྱད་པའི་ལས་མིའི་ཚན་ཆུང་སའི་གོ་ལའི་ཁྱིམ་གཞིས་སུ་ཕྱིར་ལོག་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།