ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཚམས་འདྲིའི་བྱ་འགུལ་སྤེལ།
2024.10.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་སྐབས་འདིར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། ཝང་ཅིན་ཀྲེ་བཅས་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སོང་ནས། ཀྲུང་གོ་གསར་བ་དབུ་མ་བརྙེས་པའི་སྔོན་དུ་གསར་བརྗེ་ལ་ཞུགས་པའི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། གཞུང་དོན་དུ་རང་སྲོག་བློས་བཏང་པའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ལྷག་བསམ་རྣམ་དག་གི་ཁམས་འདྲི་དང་བླ་མེད་ཀྱི་གུས་འདུད་བརྒྱུད་སྒྲོག་བྱས་ཏེ། ཁོ་ཚོར་ཚེ་རིང་ནད་མེད་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རྣམས་ཀྱིས་ཁོ་ཚོར་བྱམས་བརྩེའི་གླེང་མོལ་བྱས་ནས་ཁམས་བདེ་ཞུས་ཤིང་། ཁོ་ཚོའི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་དྲིས་ལ། ཁོ་ཚོའི་བསམ་འཆར་གྲོས་གཞིར་ནན་ཏན་གྱིས་ཉན་པ་དང་། ཁོ་ཚོ་དང་མཉམ་དུ་འབད་འཐབ་བྱས་པའི་ལོ་རྒྱུས་འདས་དོན་ལ་ཕྱིར་དྲན་བྱས་ཏེ་མཛེས་སྡུག་ལྡན་པའི་མ་འོངས་པར་རྒྱང་ལྟ་བྱས། གཞུང་དོན་དུ་རང་སྲོག་བློས་བཏང་པའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མིར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རྣམས་ཀྱི་ཁོ་ཚོར་གུས་འདུད་ཚད་མེད་ཞུས་པ་དང་། དེ་མིན་ལུས་ཕུང་བདེ་ཐང་གནས་ཚུལ་དང་ལས་ཀ། བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས་ཤིང་། ཁོ་ཚོས་ཧུར་བརྩོན་མདུན་སྐྱོད་ཀྱི་བསམ་ཚུལ་བཟུང་ནས་དཀའ་ཁག་ལས་རྒྱལ་བའི་ཡིད་ཆེས་དང་སྤོབས་པ་ཇེ་ཆེར་བཏང་སྟེ། རང་གི་འབད་བརྩོན་ལ་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་དགོས་པའི་སྐུལ་མ་བཏང་། 

ཚང་མས་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་བྱམས་བརྩེར་བཀའ་དྲིན་ཞུས་ནས་བསྟན་དོན། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་བསྐྱོད་ལམ་གསར་བའི་སྟེང་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་ཡིན་ཟེར།