ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཆུ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ།
ཆུ་ནི་སྐྱེ་དངོས་ཡོད་ཚད་ཀྱི་སྲོག་རྩ་དང་། འཚོ་སྡོད་ཀྱི་རྩ་བ། དཔལ་ཡོན་གྱི་འབྱུང་ཁུངས་བཅས་ཡིན། ཆུ་བཅོས་སྐྱོང་བྱེད་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་སྡོད་འཕེལ་རྒྱས་དང་རྒྱལ་ཁབ་གཅིག་གྱུར་དར་རྒྱས་ཡོང་བར་ཧ་ཅང་གལ་འགངས་ཆེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་ངོས་ཐད་ནས་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་། དམངས་འཚོ་གཙོ་བོར་འཛིན་པ་དང་ཆུ་བཅོས་སྐྱོང་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “ཆུ་གྲོན་ཆུང་བྱེད་པ་སྔོན་ལ་འཇོག་པ་དང་། བར་སྟོང་དོ་སྙོམས། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་འདོན་པ”བཅས་ཀྱི་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་གསལ་བོ་བཟོ་བ་དང་། ཆུའི་གནོད་འཚེ་འགོག་བཅོས་དང་། ཆུའི་ཐོན་ཁུངས་གྲོན་ཆུང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཆུའི་བདེ་འཇགས་འགན་སྲུང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཆུ་བཅོས་རྒྱལ་དར་དང་ཆུ་བེད་དམངས་ཕན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཆུ་བཅོས་སྐྱོང་བྱེད་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་ཟབ་པས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅས་ལ་གཅིག་གྱུར་འཆར་འགོད་དང་། ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་བྱེད་པ། “མི་དང་ཆུ་འཆམ་མཐུན”ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཆུའི་བདེ་འཇགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
《རྣམ་བཤད་གཅེས་བཏུས》དེ་ཆེད་དོན6ལ་དབྱེ་བ་དང་ཁྱོན་སྡོམ་རྣམ་བཤད་ཁག297ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2024ལོའི་ཟླ8པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གཏམ་བཤད། ཤིས་ཚིག འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཡིག་ཚགས་གལ་ཆེན130ལྷག་ལས་བཏུས་ཤིང་། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་རེད།
སྒྲོལ་མ་སྐྱིད།