ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་པར་འགོ་འཛིན་མཛད།
2024.10.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཟླ10པའི་ཚེས8ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་པ་དང་། སྲིད་ཇུས་མཉམ་སྒྲུབ་ལ་ཤུགས་བསྣན་ནས་ལག་བསྟར་ཕན་འབྲས་མཐོར་འདེགས་གཏོང་ཞེས་པ་བརྗོད་དོན་དུ་བྱས་ནས། ཆེད་དོན་སློབ་སྦྱོང་ཐེངས་བཅུ་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་གཏོང་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། སྲིད་ཇུས་ཀྱི་གཅིག་འདོམས་དང་སྡེ་ཁག་གི་མཉམ་སྡེབ་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཐུན་མོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས།

ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོང་ཧན་ཆོན་གྱིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞའེ་ཞང་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས་བསྟན་དོན།  སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་པ་ནི་སྤྱི་ཁོག་སྙོམས་སྒྲིག་གི་ཕན་ནུས་མཐོར་འདེགས་གཏོང་བའི་གཞི་འཛིན་ས་གཙོ་བོ་ཡིན། སྡེ་ཁག་སོ་སོ་དང་ས་གནས་སོ་སོས་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་གྱི་འདུ་ཤེས་ཇེ་མཐོ་དང་ནུས་པ་ཇེ་ཆེར་བཏང་སྟེ། རིགས་སོ་སོའི་སྲིད་ཇུས་ཕན་ཚུན་སྦྲེལ་མཐུད་དང་གཅིག་གྱུར་ནུས་ལྡན་བྱས་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྒོས་བདེ་ཐང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལིས་ཆང་གིས་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་གྱི་ཤུགས་འདོན་ས་དམ་འཛིན་ཡང་དག་བྱེད་དགོས། སྲིད་ཇུས་ཀྱི་དམིགས་འབེན་མཉམ་ལས་ལ་ཤུགས་སྣོན་པ་དང་། དམིགས་འབེན་གཏན་འཁེལ་བྱེད་ན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དགོས་མཁོ་ནས་འགོ་རྩོམ་དགོས་ཤིང་། རང་རྟོགས་སྒོས་ཁྱོན་ཡོངས་ལ་བསྟུན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ལྷག་པར་དུ་དཔལ་འབྱོར་ལག་བསྟར་བྱེད་པའི་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་འོག ཕྱོགས་སོ་སོས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་སྔོན་རྩིས་བརྟན་བརླིང་ཡོང་བར་ཕན་པའི་སྲིད་ཇུས་འདོན་པ་དང་། གཟབ་ནན་སྒོས་ཁུ་བསྡུ་དང་ཚོད་འཛིན་གྱི་ནུས་པ་ལྡན་པའི་སྲིད་ཇུས་འདོན་དགོས།  སྲིད་ཇུས་ཀྱི་བྱེད་ཐབས་མཉམ་སྡེབ་བྱེད་པར་ཤུགས་སྣོན་པ་དང་། མ་ལག་འདུས་གྲུབ་དང་ཕན་ཚུན་ཁ་གསབ་བྱེད་པ་གཙིགས་སུ་འཛིན་དགོས། སྲིད་ཇུས་ལག་བསྟར་བྱེད་དུས་གོ་སྐབས་དང་ཤུགས་ཚད། མྱུར་ཚད་བཅས་དམ་འཛིན་ལེགས་པོ་བྱེད་དགོས། ཤུགས་ཆེན་པོས་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་དང་ལྟ་སྐུལ་དོ་དམ་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། རང་དབང་ཁྲུན་གཅོད་བར་སྟོང་ཇེ་ཆུང་དུ་གཏོང་དགོས། སྲིད་ཇུས་ཀྱི་རྒྱུགས་བཤེར་གདེང་འཇོག་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན།

ལིས་ཆང་གིས་ནན་གྱིས་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། དཔལ་འབྱོར་རང་བཞིན་མ་ཡིན་པའི་སྲིད་ཇུས་དེ་སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་གདེང་འཇོག་ཁྲོད་འཇོག་པ་དང་། སྡེ་ཁག་སོ་སོས་རང་ངོས་གདེང་འཇོག་རྐྱེན་སྲོལ་བཙུགས་ཏེ། སྲིད་ཇུས་གཏན་འབེབས་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་དང་སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་དགོས་ཞེས་བསྟན། 

ལྷ་མོ་འཚོས་བསྒྱུར།