ཟླ10པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུའི་ལས་དོན་ཀུང་སིའི་རྐང་འཛིན་དབུ་གཙོ་གཞོན་པ་དང་སྤྱི་གཉེར་པའི་འགན་གཅིག་ལྕོགས་སུ་ཁུར་པའི་སང་ཏི་སོགས་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སང་ཏི་སོགས་ལ་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་སོ་ཏི་ཨ་རབ་ཀྱི“2030ལོའི་ཕུགས་འདུན”དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་དུས་རབས་གསར་པར་སླེབས་ཡོད་ཅེས་བཤད། ཕྱོགས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་བརྗེ་རེས་ལམ་སྲོལ་བཙུགས་ཏེ། ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་སྟེང་འོད་ནུས་དང་། ནུས་གསོག ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། མཚོན་བྱེད་རང་བཞིན་དང་སྣེ་ཁྲིད་རང་བཞིན། དཔེ་སྟོན་རང་བཞིན་བཅས་ལྡན་པའི་མཉམ་ལས་རྣམ་གྲངས་ཁག་ཅིག་མཉམ་དུ་བསྐྲུན་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་མཛའ་བཤེས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཏོན།
སང་ཏི་ཡིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། ཁེ་ལས་འཕེལ་རྒྱས་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱས་པ་རེད། ཁོས་མཚོ་སྔོན་གྱི་ས་རྒྱ་ཆེ་བས་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་ཟེར། སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུའི་ལས་དོན་ཀུང་སིས་སྔར་ལས་ལྷག་པས་མཚོ་སྔོན་དང་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་མགྱོགས་མྱུར་སྒོས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ས་གནས་མཉམ་ལས་ཀྱི་མིག་དཔེ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཝང་ཧའེ་ཧུང་མཉམ་དུ་ཐུག་འཕྲད་ལ་ཞུགས།
འབྲུག་མོས་བསྒྱུར།