ཟླ10ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧི་ལི་ཧྥིན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཚྭའོ་ཧུའུ་རྣམ་གྲངས་ཁུལ་དུ་བསྐྱོད་དེ་འཚམས་འདྲི་རྟོག་ཞིབ་བྱས།
ཟླ10ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧི་ལི་ཧྥིན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཚྭའོ་ཧུའུ་རྣམ་གྲངས་ཁུལ་དུ་བསྐྱོད་དེ་འཚམས་འདྲི་རྟོག་ཞིབ་བྱས། འདི་ནི་མཐོ་རིམ་སློབ་གསོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཡིན་ལ། ཀྲུང་དབྱང་འཐུས་ཚབ་ཚོགས་པས་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་དང་དུས་རིམ་རང་བཞིན་གྱི་དམིགས་འབེན། འཛུགས་སྐྲུན་གྱི་འཕེལ་རིམ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱེད་བཞིན་པའི་ཚུལ་རེད།
མཐོ་རིམ་སློབ་གསོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཡུལ་དངོས་སུ། ཀྲུང་དབྱང་འཐུས་ཚབ་ཚོགས་པས་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་དང་དུས་རིམ་རང་བཞིན་གྱི་དམིགས་འབེན། འཛུགས་སྐྲུན་གྱི་འཕེལ་རིམ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས། ཧི་ལི་ཧྥིན་གྱིས་བསྟན་དོན། རྣམ་གྲངས་འཆར་འགོད་ཀྱི་བླང་བྱ་ལྟར། སྤུས་ཚད་ཨང་དང་པོར་བཞག་ནས་སྤུས་ཚད་མཐོ་ཞིང་ཕན་ནུས་མཐོ་བའི་སྒོ་ནས་སྤྱིའི་བཟོ་བཀོད་ལེགས་འགྲུབ་བྱེད་དགོས། ཞིན་ཅང་ཡོངས་ཀྱི་ཐོན་ལས་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་རྐང་བཙུགས་ཏེ། འགྲན་རྩོད་ནུས་ཤུགས་ཡོད་པའི་དགེ་མཚན་ཅན་གྱི་རིག་ཚན་དང་རྩེར་སོན་ཆེད་ལས་ཞིབ་ཚགས་ཀྱིས་ཇུས་བཟོ་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་ནས། ཞིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དགོས་མཁོ་ཆེ་བའི་བྱང་ཚད་མཐོ་བའི་ཆེད་ལས་འཇོན་མི་གསོ་སྐྱོང་བྱེད་དགོས།
ཚྭའོ་ཧུའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ། ཀྲུང་དབྱང་འཐུས་ཚབ་ཚོགས་པས་གསར་སྤེལ་ཁུལ་གྱི་ཁེ་ལས་ཐོན་སྐྱེད་བདག་གཉེར་དང་། ལས་ཞུགས་བསྡུ་ལེན། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཧི་ལི་ཧྥིན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཕྱོགས་བསྡུས་ནུས་པ་རྒྱ་བསྐྱེད་ནས། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་ཧུར་ཐག་གིས་རྒྱ་སྐྱེད་གཏོང་དགོས། དངུལ་གཏོང་ཁོར་ཡུག་དང་གསར་གཏོད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་ཏེ། ཞིན་ཅང་ལྷོ་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། དམག་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རིམ་པ་མང་བའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་སྟེགས་བུ་བཙུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རིན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་མེའོ་ཧྭ་དང་། ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་བཅས་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།