ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལོའོ་ཝོའོ་ཡི་ཙུང་ལི་སུང་སའེ་ཡིས་གདན་ཞུས་གནང་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་པེ་ཅིང་དང་གྱེས་ནས། ཝན་ཞང་དུ་ཕེབས་ཏེ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་པར་མ་ཟད་ལོའོ་ཝོའོ་རུ་དངོས་གཞིའི་འཚམས་འདྲི་གནང་།
ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལོའོ་ཝོའོ་ཡི་ཙུང་ལི་སུང་སའེ་ཡིས་གདན་ཞུས་གནང་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་པེ་ཅིང་དང་གྱེས་ཏེ། ཝན་ཞང་དུ་ཕེབས་ནས་ཨེ་ཤ་ཡ་ཤར་མའི་མཉམ་འབྲེལ་གྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་པར་མ་ཟད། ལོའོ་ཝོའོ་རུ་དངོས་གཞིའི་འཚམས་འདྲི་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས9ཉིན་གྱི་དགོང་མོར། ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་ཝན་ཞང་ཝ་ཏའེ་གནམ་གྲུ་ཐང་དུ་འབྱོར་བ་ན། ལོའོ་ཝོའོ་ཡི་འཆར་འགོད་དངུལ་གཏོང་པུའུ་ཀྲང་། ལོའོ་ཝོའོ་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱེ་དང་ཀྲུང་གོའི་ལོའོ་ཝོའོ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧྥང་ཧུང་སོགས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་བྱས།
ལིས་ཆང་གིས་བསྟན་དོན། ད་ལོར། ལོའོ་ཝོའོ་དེ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་གཉེར་མཉམ་ལས་ལ་དམིགས་པ་དང་། ཕྱོགས་སོ་སོའི་ཐུན་མོང་འདུ་ཤེས་གཅིག་སྡུད་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཐད་ནས་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁུལ་ཁོངས་མཉམ་ལས་ཁྲོད་ཀྱི་དཀྱིལ་སྙིང་གོ་གནས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་ལས་ལྷག་པའི་བྱེད་ནུས་འདོན་སྤེལ་ཐུབ་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཁུལ་ཁོངས་མཉམ་ལས་ཀྱི་གྲོས་གཞི་གལ་ཆེན་དེ་ཕྱོགས་སོ་སོ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས། རང་ས་གནས་དེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།
ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་པར་བསྐྱོད་པ་རེད། མིག་སྔར། ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་བཞིན་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་གོམ་པ་སྤོས་ཡོད། ལོའོ་ཝོའོ་ད་ལྟ་གསར་སྤེལ་སྒོ་འབྱེད་ཀྱི་བསྐྱོད་ལམ་གསར་པར་ཞུགས་ཏེ། རང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ལོའོ་ཝོའོ་ལའོ་ཕྱོགས་དང་མཉམ་དུ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དམ་པོ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ལོའོ་ཝོའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཁྲོད་དངོས་དོན་གྱི་འཕེལ་རིམ་མང་པོ་ལོན་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།