ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོར་སྡོད་པའི་གཞུང་ཚབ་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
2024.10.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

 ཟླ10པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཀྲུང་གོ་སྲིད་གཞུང་ཡོ་རོབ་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཧུང་པོ་ཐུག་འཕྲད་ལ་ཞུགས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་སྟོན་ཟླ་བཅུ་པར་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མདོར་བསྡུས་སྒོས་ངོ་སྤྲོད་བྱས།   ཁོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱས་ཤིང་།  གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་ མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཁུར་ཁུར་དུ་བླངས་པ་དང་།   དྭངས་གཙང་ནུས་ཁུངས་མཚོན་བྱེད་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་དང་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་མྱོང་རོལ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་དངོས་སུ་མྱོང་རོལ་བྱས་ཏེ།   མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། བརྗེ་རེས་གཏིང་ཟབ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་དགོས་པའི་རེ་བ་བཏོན།

ཀྲུང་གོར་སྡོད་པའི་ཧྲིན་ཏུའོ་མེ་དང་ཕུའུ་ལིན་ཞིས་པིས་ཀྱི་གཞུང་ཚབ་ཆེན་མོ་དབྱི་ཧྲ་པེར·ཏུའོ་མེན་ཀི་སི་ཡིས་ཀྲུང་གོར་སྡོད་པའི་གཞུང་ཚབ་ཚོགས་པའི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྣེ་ལེན་གཟབ་རྒྱས་བྱས་པ་དང་ཕྱི་འབྲེལ་པུའི་བཀོད་སྒྲིག་ཞིབ་ཚགས་ལ་ཐུགས་རྗེ་ཆེ་ཞུས།  མོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལས་ཀྲུང་གོ་སྲིད་གཞུང་གི་མི་དམངས་བླ་ན་མེད་པའི་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དེ་རྒྱལ་ཁབ་སོ་སོས་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། ཐེངས་འདིའི་འཚམས་འདྲིར་བསྐྱོད་པའི་བརྒྱུད་རིམ་ཁྲོད་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱངས་ནས་ས་གནས་ཀྱི་མི་དམངས་དང་བརྗེ་རེས་གཏིང་ཟབ་དང་། མཚོ་སྔོན་གྱི་མཐུན་སྦྱོར་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ནས་ཉམས་མྱོང་བསྡུ་ལེན། གཉིས་ཕན་མཉམ་ལས་སྔར་ལས་ཟབ་སྤེལ་བཅས་བྱེད་པའི་རེ་བ་ཡོད་ཟེར།

ཝུའུ་ཧུང་པོ་ཡིས་ཕྱི་འབྲེལ་པུའུ་ཡི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ལ་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་འགྲུབ་དཔེ་མཚོན་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་ལྡན་དཔང་རྟགས། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་བྱེད་པའི་ཕུལ་བྱུང་དཔེ་མཚོན་བཅས་ཡིན།  མཚོ་སྔོན་དུ་བྱུང་བའི་གཏམ་རྒྱུད་ཀྱིས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་བློ་སྒོ་འབྱེད་ཐུབ་པར་རེ་སྒུག་བྱས་ཡོད་ལ། ཚང་མས་མཚོ་སྔོན་གྱིས་གསར་སྐྲུན་བྱས་པའི་ཉམས་མྱོང་ཕ་ཡུལ་དུ་ཁྱེར་ནས་ལག་གདང་སྦྲེལ་ཏེ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།

ཏའོ་སྨི་ཉི་ཅ་དང་། མོ་ལི་ཐ་ཉི་ཡ། ཀི་ནེ་ཡ་པི་ཧྲའོ། ཁི་མོ་ལོ།  ཁོང་ཀོ(ཅིན།)ཧྥུ་ཏེ་ཅ། པོ་ལི་ཝེ་ཡ། པུའུ་ཅི་ན་ཧྥ་སུའོ།  ཡ་མེ་ཉི་ཡ།  སི་རི་ལན་ཁ།  ལ་ཐོ་ཝེ་ཡ། ཆ་ཏེ།  ཨ་ཧྥུ་ཧན། ཕ་ཁི་སི་ཐན། ཡ་མེ་ཅ། ཡོ་ནན་སོགས་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་མཐོ་རིམ་ཕྱི་འབྲེལ་དཔོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྲུང་གོའི་དངུལ་གཏོང་སྐུལ་སྤེལ་དོན་གཅོད་ཁང་གི་འགན་འཁུར་བ། ཕྱི་འབྲེལ་པུའི་མགྲོན་བཀུར་སིའི་འབྲེལ་ཡོད་བློ་མཐུན། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན། ཝང་ཧའེ་ཧུང་བཅས་ཐུག་འཕྲད་ལ་ཞུགས།

ཐེངས་འདིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཚོགས་པ་དེ་ཕྱི་འབྲེལ་པུའུ་ཡིས་སྒྲིག་འཛུགས་བྱས་ཤིང་། ཟླ10ཚེས9ཉིན་ནས་ཚེས12ཉིན་བར་ཀྲུང་གོའི་སྲིད་གཞུང་ཡོ་རོབ་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཧུང་པོ་ཡི་ཕེབས་རོགས་འོག མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་སུ་འཚམས་འདྲི་བྱེད་རྒྱུ་རེད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།