ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཐུན་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་པར་འགྲེམ་བྱས། གྲོས་གཞིའི་ནང་། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག་སོ་སོས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་ཡང་ན་སྤྱི་ཐུན་ཞབས་ཞུ་འདོན་སྤྲོད་བྱེད་པའི་གོ་རིམ་ཁྲོད་བྱུང་བའི་སྤྱི་ཐུན་གཞི་གྲངས་ནི་རྒྱལ་ཁབ་ཀྱི་རྨང་གཞི་རང་བཞིན་གྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཡིན། སྤྱི་ཐུན་གཞི་གྲངས་འཁོར་རྒྱུག་བཀོལ་སྤྱོད་བྱེད་པའི་སྒྲིག་གཞི་རང་བཞིན་གྱི་བཀག་རྐྱེན་དང་རྐྱེན་སྲོལ་རང་བཞིན་གྱི་བཀག་འགོག་མེད་པར་བྱེད་ན། སྒོ་འབྱེད་ཀྱི་སྒུལ་ཤུགས་ཆེར་སྐྱེད་པ་དང་མཉམ་སྤྱོད་བྱེད་པ་དང་། སྤྱི་ཐུན་གཞི་གྲངས་ཐོན་ཁུངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཚོང་རའི་གསར་གཏོད་གསོན་ཤུགས་ཇེ་ཆེར་གཏོང་བ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཆེར་སྐྱེད་པ་དང་རྩེག་སྣོན་བྱེད་པ། ལྡབ་འཕར་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས། གཞི་གྲངས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་ཀྱི་འགྲན་རྩོད་དགེ་མཚན་གསར་བ་གྲུབ་པར་བྱེད་ཆེད་འདེགས་སྐྱོར་གསར་བ་འདོན་སྤྲོད་བྱེད་དགོས་ཞེས་བསྟན་ཡོད། གྲོས་གཞིའི་ནང་བཏོན་པའི་དམིགས་འབེན་གཙོ་བོ་ནི། 2025ལོར་སླེབས་དུས། སྤྱི་ཐུན་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ལམ་ལུགས་སྒྲིག་སྲོལ་ཐོག་མར་འཛུགས་པ་དང་། ཐོན་ཁུངས་འདོན་སྤྲོད་གཞི་ཁྱོན་དང་སྤུས་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་བ། གཞི་གྲངས་ཐོན་རྫས་དང་ཞབས་ཞུ་རྒྱུན་མ་ཆད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལས་རིགས་གཙོ་བོ་དང་ས་ཁུལ་གྱི་སྤྱི་ཐུན་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་ཐུབ་པ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིགས་ཀྱི་ཁེ་ལས་སྐོར་ཞིག་སྐྱེད་སྲིང་བྱེད་པ། སྤྱི་ཐུན་གཞི་གྲངས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ནུས་པ་ཐོག་མར་མངོན་པར་བྱེད་པ། 2030ལོར་ཐོན་དུས། སྤྱི་ཐུན་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ལམ་ལུགས་སྒྲིག་ལམ་སྔར་ལས་འཐུས་ཚང་ཡིན་པ་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་མ་ལག་ཕྱོགས་ཡོངས་ནས་གྲུབ་པ། གཞི་གྲངས་འཁོར་རྒྱུག་བཀོལ་སྤྱོད་ཐད་ནས་ལུགས་མཐུན་ནུས་ལྡན་ཡིན་པ། སྤྱི་ཐུན་གཞི་གྲངས་ཀྱི་དངོས་ཕུང་དཔལ་འབྱོར་ཐད་ནུས་པ་འདོན་པ་དང་འཛད་སྤྱོད་དགོས་མཁོ་རྒྱ་སྐྱེད་པ། དངུལ་གཏོང་བར་སྟོང་རྒྱ་བསྐྱེད་པ། བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་རེད།
རིན་ཆེན་མཚོས་བསྒྱུར།