ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཕན་ཚུན་རོགས་རེས་དང་ལས་སྐལ་གཅིག་འབྲེལ་གྱི་བློས་ཐུབ་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགོ་ཁྲིད་པའི་འཐུས་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་སྤུས་ཚད་མཐོ་ཞིང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་པར་བསྐྱོད་ཡོད། ཀྲུང་གོས་ཁམ་ཕུ་ཁྲེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན་ལ། ཁམ་ཕུ་ཁྲེ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་འཐབ་ཇུས་རང་རྟེན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ངེས། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་མུ་རབས་མཛའ་འབྲེལ་རྒྱུན་འཛིན་ཡག་པོ་དང་། འཐབ་ཇུས་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཕྱོགས་དྲུག་ཐད་ཀྱི་མཉམ་ལས་སྒྲོམ་གཞི་རྒྱུན་མཐུད་དངོས་དོན་དུ་འགྱུར་བར་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལས་དོན་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་བཏང་སྟེ་སྔར་ལས་མང་བའི་གྲུབ་འབྲས་ལེན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་དགོས་མཁོར་དམ་དུ་དམིགས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྲོས་གཞིར་སྐུལ་འདེད་མྱུར་མོ་གཏོང་བ་དེ་ཁམ་ཕུ་ཁྲེའི་ཟུར་ལྔའི་འཐབ་ཇུས་དང་སྦྲེལ་མཐུད་ཐུབ་པར་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་གསར་པ་མཉམ་དུ་དངོས་འབེབས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་བྱེད་པ། དངོས་གཉེར་མཉམ་ལས་ཀྱི་ཁྱད་འཕགས་བཟོ་བསྐྲུན་གང་མང་ཞིག་བསྐྲུན་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བཟང་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་ར་ལྟ་བུའི་མཉམ་ལས་འཆར་གཞི་མྱུར་དུ་གཏན་འབེབ་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལྕགས་ལམ་སྔོན་སྐབས་ལས་དོན་དམ་འཛིན་གྱིས་སྤེལ་བ་དང་། ཉ་འབྲས་ཁྱམས་རའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མང་པོ་ལོན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་ཁམ་ཕུ་ཁྲེ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་སློང་བྱེད་བཞིན་ཡོད་ལ། ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་བོ་ནང་འདྲེན་བྱེད་འདོད་ཡོད། ཀྲུང་གོས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཕྱོགས་ཡང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ་དང་། ཐུན་མོང་གི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་བཟང་པོ་བྱེད་རྒྱུ་ཡིན།
ཧུང་མཱ་ནེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པས་དངོས་སུ་བསྐྲུན་པ་ཞིག་ཡིན། ཉེ་བའི་ལོ་འདི་འགར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགོ་ཁྲིད་པའི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་སྐབས་གསར་པར་ཞུགས་པ་རེད། ཀྲུང་གོས་དུས་ཡུན་རིང་བོར་ཁམ་ཕུ་ཁྲེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་རྩ་ཆེན་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་མཛའ་འབྲེལ་སྲིད་ཇུས་འགྱུར་མེད་སྒོས་ལག་བསྟར་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཐེ་ཝན་དང་བོད་ལྗོངས། ཞིན་ཅང་། ཞང་ཀང་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པའི་ལྟ་ཚུལ་ཡང་དག་བཟུང་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཕྱོགས་དྲུག་ཐད་ཀྱི་མཉམ་ལས་སྒྲོམ་གཞི་དངོས་འབེབས་བྱེད་པ་དང་། བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་ར་དང་ཉ་འབྲས་ཁྱམས་རའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཞིང་ལས་དང་། ནུས་ཁུངས། དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས། མི་ཆོས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་བསྟར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ། དྲ་རྒྱའི་མགོ་སྐོར་གཡོ་ལེན་སོགས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་ལ་མཉམ་འབྲེལ་སྒོས་རྡུང་རྡེག་བཏང་སྟེ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།