ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཐེ་གོའི་ཙུང་ལི་ཕའེ་ཐུང་ཐན་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཐེ་གོའི་ཙུང་ལི་ཕའེ་ཐུང་ཐན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བར་མ་ཟད། མི་ཆོས་བརྗེ་རེས་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོ་དང་ཐེ་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་སྔར་ལས་མི་སེམས་སུ་འདྲེས་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ། སང་ལོའི་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཤུགས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐེ་གོའི་འབྲེལ་བ་སྔར་ལས་ཟབ་ཅིང་སྔར་ལས་བཟང་བོའི་ཕྱོགས་སུ་བསྐྱོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་རྒྱུ་ཡིན།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། དུས་ནམ་ཡང་ཐེ་གོ་ཕྱོགས་ཀྱིས་བློ་གཏད་ཆོག་ཅིང་། གཙིགས་ཆེན་བྱེད་ཆོག་པའི་གྲོགས་པོ་བཟང་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྲིད་ཇུས་མཐུན་སྦྱོར་ལེགས་པོར་བསྒྲུབ་པ། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་གླིང་ཁུལ་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པའི་རླངས་འཁོར། འོད་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རང་སོ་སོའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ཐུབ་པར་སྔར་ལས་མང་བའི་རོགས་ཤུགས་འདོན་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མཉམ་དུ་ལེགས་པོར་བསྒྲུབ་སྟེ། སྨྱན་བྱད་དང་རིག་གནས་ཡུལ་སྐོར། སློབ་གསོ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོས་ཐེ་གོ་ཕྱོགས་དང་མཉམ་དུ་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་གཏོང་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ས་གནས་དང་ཞི་བདེ། བརྟན་འཇགས་འཕེལ་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།
ཕའེ་ཐུང་ཐན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བར་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོ་མུ་མཐུད་འཕེལ་རྒྱས་རྒྱ་སྐྱེད་བྱུང་ནས། འཛམ་གླིང་ཞི་བདེ་དང་དར་རྒྱས་ཐད་སྔར་ལས་མང་བའི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་པའི་ཚུལ་བསྟན། ངས་ལོ་ནི་ཐེ་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། ཐེ་གོས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་འབྲེལ་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས། མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་དང་། ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། དྲ་རྒྱའི་མགོ་སྐོར་གཡོ་ལེན་སོགས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་མཉམ་དུ་རྡུང་རྡེག་བཏང་ནས། ཐེ་གོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་། རྫ་ཆུའམ་མེ་ཀོང་གཙང་བོའི་མཉམ་ལས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དང་། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་མཉམ་དུ་སྐུལ་འདེད་བཏང་ནས། ས་གནས་དང་ཞི་བདེ། བརྟན་འཇགས་དང་དར་རྒྱས་བཅས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།