ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། ཀྲུང་གོ་དང་འཇར་པན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཞི་བདེ་མཉམ་གནས་དང་། མི་རབས་མཛའ་འབྲེལ། གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་བགྲོད་ལམ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་འདུ་ཤེས་དངོས་སུ་བརྟན་སྲུང་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་བཟང་ཕྱོགས་སུ་བསྐྱོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་ལེགས་པོ་བྱེད་པ། ཁ་བརྡ་མཉམ་ལས་ཐད་མུ་མཐུད་དུ་ཤུགས་འདོན་པ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་དགོས་མཁོ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་། བརྟན་འཇགས་ཀྱི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འབད་པས་བསྐྲུན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་འཕེལ་རྒྱས་དེ་ཕན་ཚུན་ལ་མཚོན་ན་གོ་སྐབས་གལ་ཆེན་ཞིག་ཡིན་པར་ལས་འགྲན་སློང་ཞིག་ཡིན་མི་སྲིད། ཀྲུང་གོས་འཇར་པན་ཕྱོགས་དང་མཉམ་དུ། རང་སོ་སོའི་དགེ་མཚན་སྔར་ལས་འདོན་སྤེལ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་འཕར་གཞི་གསར་པ་སྔར་ལས་མང་པོ་སྔོག་འདོན་བྱེད་པ་དང་། ཕྱིར་གཏོང་དོ་དམ་ལམ་ལུགས་ཀྱི་ཁ་བརྡའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་པོ་བྱས་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་འཇགས་ཤར་གཏོང་ཐུབ་པ་དང་གོ་ལ་ཧྲིལ་བོའི་རང་མོས་ཉོ་ཚོང་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་ཀྱིས་ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་ས་གནས་དང་རིག་གནས། ལུས་རྩལ། ན་གཞོན་སོགས་ཀྱི་བརྗེ་རེས་མཐུན་སྦྱོར་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་རྒྱུས་ལོན་ཚད་དང་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་འཇར་པན་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱང་ཁོངས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ས་གནས་ཞི་བདེ་བརྟན་འཇགས་དང་། འབྱོར་ཕྱུག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཧྲི་ཕོ་མའོ་ཡིས་བསྟན་དོན། མིག་སྔར་འཇར་པན་དང་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་པ་དང་། འཛུགས་སྐྲུན་རང་བཞིན་དང་བརྟན་འཇགས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་འབད་པར་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་སུ་བསྐྱོད་བཞིན་ཡོད། འཇར་པན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འོངས་པར་ཁ་ཕྱོགས་པ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན། རིམ་པ་སོ་སོའི་ཁ་བརྡ་མཐུན་སྦྱོར་ཇེ་ཟབ་དུ་གཏོང་བ། ཐག་གཅོད་མ་ཐུབ་པའི་གནད་དོན་གྲོས་མོལ་བྱས་ཏེ་ཐག་གཅོད་པ། གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། འཇར་པན་དང་ཀྲུང་གོའི་འབྲེལ་བ་ཡུན་རིང་བརྟན་པོར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་འབྲེལ་ཐག་གཅོད་འདོད་མེད་ཅིང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟེ་ཟབ་ཏུ་བཏང་ནས། སྔར་ལས་མང་བའི་གྲུབ་འབྲས་ཀྱི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་པའི་རེ་བ་བྱས་ཡོད། འཇར་པན་ཕྱོགས་ཀྱི་ཐེ་ཝན་གནད་དོན་སྟེང་འཇར་པན་དང་ཀྲུང་གོའི་མཉམ་འབྲེལ་བསྒྲགས་གཏམ་སྟེང་གཏན་ཁེལ་བྱས་པའི་ལངས་ཕྱོགས་ལ་འགྱུར་མི་གཏོང་བར་རྒྱབ་སྐྱོར་བྱེད་ངེས་ཡིན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་སྟེང་མཐུན་སྦྱོར་ལ་ཤུགས་བསྣན་ནས་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུར་འཐད་པ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།