ཝང་ཧུའུ་ཉིང་གིས་སའེ་ཕུའུ་ལའོ་སིའི་གྲོས་དཔོན་ཏིས་མུས་ཐི་ལེས་ཝུའུ་ལ་མཇལ་འཕྲད་གནང་།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས10ཉིན་པེ་ཅིང་དུ་སའེ་ཕུའུ་ལའོ་སིའི་གྲོས་དཔོན་ཏིས་མུས་ཐི་ལེས་ཝུའུ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་སའེ་ཕུའུ་ལའོ་སིའི་གྲོས་དཔོན་ཏིས་མུས་ཐི་ལེས་ཝུའུ་ལ་མཇལ་འཕྲད་གནང་།

        ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་སའེ་ཕུའུ་ལའོ་སིའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱལ་ཁབ་ཆེ་ཆུང་གཉིས་མཛའ་མཐུན་མཉམ་གནས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སའེ་ཕུའུ་ལའོ་སིའི་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་རྒྱབ་སྐྱོར་བྱེད་པ་དང་། དངོས་གཉེར་མཉམ་ལས་དང་བརྗེ་རེས་དཔེ་ལྟོས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་སའེ་ཕུའུ་ལའོ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སའེ་ཕུའུ་ལའོ་སིའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།

ཏིས་མུས་ཐི་ལེས་ཝུའུ་ཡིས་བསྟན་དོན། སའེ་ཕུའུ་ལའོ་སི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། སའེ་ཕུའུ་ལའོ་སིའི་གྲོས་ཁང་གིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་བརྗེ་རེས་དཔེ་ལྟོས་དང་མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ནས། སའེ་ཕུའུ་ལའོ་སི་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྲིན་ཡའོ་ཡའོ་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།