ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་མཛའ་མཐུན་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་མཛའ་མཐུན་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོའི་རྒྱལ་སྤྱིའི་མཛའ་མཐུན་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་ཚབ་སྐོར་ཞིག་དང་མཉམ་དུ་རྗེས་དྲན་འདྲ་པར་བསྐྱོན་པ་དང་། རྒྱལ་སྤྱིའི་མཛའ་གྲོགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོའི་བར་གྱི་མཛའ་མཐུན་ལས་དོན་ཐད་ནུས་ཤུགས་ཆེན་པོ་བཏོན་པར་བསྟོད་བསྔགས་མཛད།
ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་མཛའ་མཐུན་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་མཛའ་མཐུན་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྫོགས་མེད་ཀྱི་སྒུལ་ཤུགས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ལོ་ངོ་དོན་ལྔ་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རང་སྟེང་འཕེལ་རྒྱས་སུ་གཏོང་བ་མ་ཟད་འཛམ་གླིང་ལ་ཡང་བདེ་སྐྱིད་བསྐྲུན་པའི་དེང་རབས་ཅན་གྱི་ལམ་བུ་ཞིག་བཏོད། ཕྱིར་ལྟ་བྱས་ན། ཀྲུང་གོས་བླངས་པའི་ཕྱོགས་སོ་སོའི་ཐད་ཀྱི་གྲུབ་འབྲས་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། རྒྱལ་སྤྱིའི་མཛའ་གྲོགས་སྐོར་ཞིག་གིས་ཀྲུང་གོ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། ཕྱི་རྒྱལ་གྱི་ཁེ་ལས་དང་ལས་ཁུངས་མང་པོ་དང་། མི་སྒེར་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་ནས། ཕྱོགས་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པར་མ་ཟད། ཀྲུང་ཕྱིའི་མཛའ་མཐུན་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག ང་ཚོས་ཚང་མས་ཀྲུང་གོར་བཞག་པའི་བྱས་རྗེས་གལ་ཆེན་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་ནམ་ཡང་བརྗེད་མི་སྲིད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་འགྲེང་ཡོད། ལོ་བརྒྱའི་འགྱུར་ལྡོག་གི་གནས་བབ་འོག འཛམ་གླིང་ཧྲིལ་བོའི་སྐྱིད་སྡུག་མཉམ་འབྲེལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཡིན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་ཡིན་པས། ཀྲུང་གོས་རྒྱལ་ཁབ་སོ་སོའི་གྲོགས་པོའི་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་སྣོན་པ་དང་། དམངས་ཁྲོད་ཕྱི་འབྲེལ་གྱི་ཁྱད་དུ་འཕགས་པའི་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། གཅིག་ནས་འཛམ་གླིང་ཧྲིལ་བོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་དགོས། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་གཞག དམངས་གཙོ། རང་དབང་གི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་སྒྲིག་ཡོད་ཀྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་སྤེལ་བྱས་ནས། ང་ཚོས་མཉམ་དུ་འཚོ་གནས་བྱེད་པའི་སའི་གོ་ལ་དེ་ཞི་བདེ་དང་འགྲིག་མཐུན། འཆམ་མཐུན་གྱི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
གཉིས་ནས་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་ལ་བརྟེན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། ཀྲུང་གོས་ཐབས་མཁས་རང་སྲུང་གི་དེང་རབས་ཅན་འཚོལ་སྙེག་བྱེད་ཀྱིན་མེད་པ་དང་། ཕྱི་རྒྱལ་གྱི་གྲོགས་པོའི་སྔར་ལས་མང་པོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྒྱུད་རིམ་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་བས་འཛམ་གླིང་འཕེལ་རྒྱས་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཞི་བདེ་གོང་འཕེལ་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
གསུམ་ནས་སྒོ་འབྱེད་ཁོང་ཡངས་ཀྱི་བློ་རྒྱར་བརྟེན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དཔལ་ཡོན་གྱི་པར་རིས་འབྲི་དགོས། ཀྲུང་ཧྭ་མི་རིགས་ནི་སྒོ་འབྱེད་ཁོང་ཡངས་ཀྱི་མི་རིགས་ཤིག་ཡིན་པ་དང་། ཀྲུང་གོ་མི་དམངས་ནི་སེམས་བཟང་མཛའ་མཐུན་གྱི་མི་དམངས་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱེད་པ་དང་། ཟོལ་མེད་བརྗེ་རེས་བརྒྱུད་དེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། དཔལ་ཡོན་བརྗེ་རེས་ལ་བརྟེན་ནས་དཔལ་ཡོན་བར་ཐག་བརྒལ་བ་དང་དཔལ་ཡོན་དཔེ་ལྟར་བརྟེན་ནས་དཔལ་ཡོན་འགལ་རྩོད་སེལ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་ལ། ཀྲུང་གོའི་ཕྱི་འབྲེལ་ནི་མི་དམངས་ཀྱི་ཕྱི་འབྲེལ་ཡིན། ཀྲུང་གོ་སྲིད་གཞུང་གིས་སྔར་བཞིན་དུ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་མི་དམངས་ཀྱི་མཛའ་བརྩེ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་སྤྱིའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་ཁྱད་དུ་འཕགས་པའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། མཛའ་བརྩེ་ཟམ་ཐག་ཏུ་བྱེད་པ་དང་གཅིག་སེམས་གཅིག་འདྲེས་བྱེད་པ། ཀྲུང་ཕྱིའི་དམངས་ཁྲོད་ཀྱི་མཛའ་མཐུན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སོ་སོའི་གྲོགས་པོར་མཐུན་སྒྲིལ་དམ་ཟབ་བྱས་ནས། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ལག་བསྟར་མཁན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཟབ་ཞུགས་པ། དཔལ་ཡོན་དཔེ་ལྟ་དང་དམངས་སེམས་གཅིག་འདྲེས་ཀྱི་སྐུལ་འདེད་པ། མི་དམངས་མཛའ་མཐུན་ལས་དོན་གྱི་རྒྱུན་འཛིན་པ་བཅས་བྱེད་དགོས།
ནེ་ཀྲི་རི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཨོ་པཱ་སང་ཆའོ་དང་ཐེ་གོའི་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་པོ་ཆེན། ཨ་མེ་རི་ཁའི་ཀུའུ་ལེན་གྱི་གྲོགས་པོའི་སྡུད་རུབ་མཁན་མུའུ་ཡན་ལེན་བཅས་ཀྱིས་སོ་སོར་ཕྱི་ཕྱོགས་ཀྱི་ཚབ་བྱས་ནས་གཏམ་བཤད། ཁོ་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་དམངས་ཁྲོད་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་ཁྱད་དུ་འཕགས་པའི་ནུས་པ་འདོན་སྤེལ་བྱས་པར་གདེང་འཇོག་ཚད་མཐོན་པོ་བྱས་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག ཀྲུང་གོ་རྒྱལ་ཁའི་ངང་དབུལ་ཕོངས་ལས་ཐར་བ་དང་། མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱས་ལ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་རེ་བའི་སྒྲོན་སྟེགས་ལྟ་བུར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཀྱི་གྲོས་འགོ་བཏོན་པ་དང་། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ཐད་ཀྱི་མིག་རྒྱང་རིང་བོ་དང་འགན་འཁྲི་ཁག་ཁུར་མངོན་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་ལས་དམ་ཟབ་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ཀྲུང་གོའི་དར་རྒྱས་གོང་འཕེལ་གྱིས་མུ་མཐུད་དུ་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ངེས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། མི་དམངས་ཀྱི་མཛའ་བརྩེ་མི་རབས་ནས་མི་རབས་བར་བརྒྱུད་སྒྲོག་བྱེད་པ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས། འཛམ་གླིང་ཞི་བདེ་དང་གོང་འཕེལ། དར་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་སྒུག་བྱས་ཡོད།
ཕྱི་རྒྱལ་གྱི་སྔོན་ཆད་ཀྱི་དཔོན་པོ་དང་། རྒྱལ་རྒྱུད་ཁོངས་མི། རྒྱལ་སྤྱིའི་མཛའ་མཐུན་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། མཛའ་མཐུན་མི་སྣ་སོགས་ཧ་ལམ་མི་ཉིས་བརྒྱ་མཇལ་འཕྲད་ལ་ཞུགས།
ཚའེ་ཆི་དང་ཧན་ཀྲིན། ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།