རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་མཇུག་སྒྲིལ།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

    སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཚེས11ཉིན་གྱི་སྔ་དྲོར་པེ་ཅིང་དུ་མཇུག་སྒྲིལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཤིང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་བྱས་རྗེས། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་དགེ་མཚན། ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་དང་བླང་བྱ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་ལས་འགན་གཙོ་བོ། མི་དམངས་སྲིད་གྲོས་བྱ་བའི་རྩ་བའི་འགན་ལེན་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་ཀུན་སྤྱོད་གཉིས་གསུང་བཤད་དགོངས་དོན་སྟེང་གཅིག་གྱུར་བྱེད་ཅིང་། མི་དམངས་སྲིད་གྲོས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པའི་གཟི་ལྡན་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ལས་འགན་འདུ་ཤེས་བཅས་ཇེ་མཐོར་གཏོང་བ་དང་། ལས་འགན་བཀོད་སྒྲིག་དང་བྱ་བའི་བླང་བྱ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་བཅས་བྱེད་དགོས་ཞེས་གསུངས།

 ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་པེ་ཅིང་དུ་མཇུག་སྒྲིལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དུས་རབས་གསར་བར་རང་རྒྱལ་གྱི་རིག་གནས་བྱ་གཞག་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་བསམ་བློའི་མཚོན་ཆ་དང་ཚན་རིག་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རིག་གནས་ཀྱི་ཡིད་རྟོན་ཇེ་ཆེར་བཏང་སྟེ། དུས་རབས་གསར་བའི་རིག་གནས་ཀྱི་ལས་འགན་ཕྲག་ཏུ་ཁུར་བ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཆོད་དོན་ལས་བཏོན་པའི་རིག་གནས་ཀྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དང་འབྲེལ་ཡོད་གནད་དོན་གཙོ་བོ་གཅིག་སྡུད་བྱས་ནས། ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གྲོས་མོལ་སྲིད་གླེང་བྱས་ཏེ། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཇུས་གཞི་ལེགས་པོ་མང་པོ་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས་ཞེས་གསུངས།

བརྡས་ཐག་བཅད་པ་བརྒྱུད། གྲོས་ཚོགས་ནས་ཏེན་ཞའོ་ཀང་དང་ཐའོ་ཀྲིན་གཉིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཁ་སྣོན་བྱེད་པ་གཏན་འཁེལ་བྱས། ལིས་ཞའོ་ཕེང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཏེན་ཞའོ་ཀང་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་རྒྱུན་སྡོད་ཀྲུའུ་རིན་གཞོན་པ། ཐའོ་ཀྲིན་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞུས་ལེ་ཅཱང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ལ་བསྐོ་བཞག་བྱས་པ་དང་།  ལིའང་ཡེ་ཡི་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་རྒྱུན་སྡོད་ཀྲུའུ་རིན་གཞོན་པའི་འགན་བླངས། ཀུང་ལིའུ་ཐཱང་གི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ལས་ཁུར་དགོངས་ཞུ་དང་ལེན་བྱེད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཞའོ་ལུང་ཞུས་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་ཆོད་དོན་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ལིས་ཝེ་ཝེ་ཡི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་ལེན་པ་དང་། ལིས་ཝེ་ཝེ་དང་ལིས་ཅཱན་གཉིས་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་ཆོད་དོན་ཁས་ལེན་བྱས།

མཇུག་སྒྲིལ་ཚོགས་འདུའི་རྗེས་སུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སློབ་སྦྱོང་འཆད་ཁྲིད་སྤེལ་བ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་སྡེ་ཁག་ཨུ་ཡོན། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་ལས་གཞིའི་དབུ་བཞུགས་ཆེད་མཁས་པ་ཝང་ཝེ་ཡིས་གདན་ཞུས་ལྟར་ཁ་བྱང་ལ་ཅི་ཞིག་ལ་ཀྲུང་གོ་ཟེར་ཞེས་པ་སྟེ་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་ལས་གཞིའི་གྲུབ་འབྲས་གཙོ་བོ་དང་བློ་སྐྱེད་ཞེས་པ་འཆད་ཁྲིད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡའོ་ཡའོ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧོའུ་ཧྭ། ལེང་ཀྲིན་དབྱིན། པཱ་ཐའར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞཱན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཧི་པའོ་ཞཱང་། ཝང་ཀོང་ཆཱན། ཆུན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།