ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལེའང་ཆང་ལ་མཇལ་འཕྲད་གནང་།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ10ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལེའང་ཆང་ལ་མཇལ་འཕྲད་གནང་།

ཟླ10ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལེའང་ཆང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་ངོ་བོའི་རང་བཞིན་གྱི་ཁྱད་ཆོས་ཤིག་ཡིན་ལ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་བརྟན་པོར་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཏེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་གྲལ་དུ་བཞག་སྟེ། ཡོ་ནན་དང་མཉམ་དུ་ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྟེང་མདུན་གྲལ་དུ་ཐོན་པར་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་སྟེང་མདུན་གྲལ་དུ་སླེབས་པར་བྱེད་ཅིང་། མིའི་རིགས་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟེང་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱས་ཏེ། ལག་རྡང་སྦྲེལ་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྙེད་པར་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྟངས་འཛིན་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་དག་གི་རྒྱུ་ལམ་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས། བསམ་བློ་དང་འདུ་ཤེས་བརྗེ་རེས་ཤུགས་དྲག་ཏུ་བཏང་སྟེ། གཞུང་ལུགས་ཞིབ་འཇུག་གྲོས་སྡུར་དང་། ལས་བྱེད་གསོ་སྦྱོང་སོགས་རྐྱེན་སྲོལ་ཅན་གྱི་སྟེགས་བུ་བཀོལ་སྤྱོད་བཟང་པོ་བྱེད་པ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཇེ་དྲག་ཏུ་གཏོང་བ། མཉམ་དུ་ལག་བསྟར་ནུས་པ་ཇེ་མཐོ་དང་ལག་བསྟར་དཀའ་གནད་ཁྱད་སེལ་བྱེད་དགོས། མཉམ་རྒྱལ་གྱི་རྣམ་པ་བསྐྲུན་ཏེ། མཉམ་ལས་སྦས་ཤུགས་སྔོག་འདོན་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་མཉམ་འགུལ་མཉམ་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་གསར་པ་འབད་པས་མངོན་འགྱུར་བྱེད་དགོས། དམངས་ཁྲོད་ཀྱི་མཛའ་བརྩེ་གསོ་སྐྱོང་གང་ལེགས་བྱས་ཏེ། སང་ལོའི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བའི་ལོ་དང་ཀྲུང་གོ་དང་ཡོ་ནན་གྱི་མི་ཆོས་བརྗེ་རེས་ལོའི་གོ་སྐབས་བེད་སྤྱོད་གང་ལེགས་བྱེད་དགོས་ཤིང་། སྲོལ་རྒྱུན་མཛའ་འབྲེལ་སློབ་གསོ་དང་དཔྱད་གླེང་སྣེ་ཁྲིད་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་དམངས་འདོད་རྨང་གཞི་བརྟན་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ7པར་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ཞིང་། རང་སྟེང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་སྐྱེད་བཏང་བར་མ་ཟད། ཡོ་ནན་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་དང་གོ་སྐབས་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་ཡོ་ནན་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དང་། ལག་རྡང་མཉམ་སྦྲེལ་གྱིས་བཅོས་སྒྱུར་བགྲོད་ལམ་སྟེང་གི་མཉམ་སྐྱོད་པ་དང་། དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་གྲོགས་པོ་བཟང་པོ་བྱེད་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གཙོ་བྱས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཡོ་ནན་ཏང་ཡོངས་དང་དམག་ཡོངས། མི་དམངས་ཡོངས་བཅས་ཀྱིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དམིགས་འབེན་ལས་འགན་བདེ་ལེགས་ངང་འགྲུབ་ནས། ཏང་བཙུགས་རྒྱལ་བཙུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བརྟན་པོར་བསྐྱོད་ཐུབ་པར་ཡིད་ཆེན་ཆེན་པོ་བཅངས་ཡོད་ཅེས་གསུངས།

ཟླ10ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལེའང་ཆང་ལ་མཇལ་འཕྲད་གནང་།

ལེའང་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བར་ལྷག་བསམ་རྣམ་དག་གི་དགའ་བསུ་ཞུས་ཤིང་། ལྷག་པར་དུས་རབས་གསར་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྣེ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་ལ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་ངེས་པར་དུས་ལྟར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་། བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་སྔར་ལས་མང་བའི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་པའི་ཚུལ་བསྟན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་བསྩལ་ཞིང་། ཡོ་ནན་སོགས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ལའང་རིན་ཐང་གལ་ཆེན་ལྡན། ཡོ་ནན་དང་ཀྲུང་གོ་ནི་རི་ཆུ་འདབས་འབྲེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་བཟང་པོ་ཡིན་པས། ཡོ་ནན་གྱིས་ཀྲུང་གོས་ཡོ་ནན་མི་རིགས་རང་ཚུགས་བཅིངས་འགྲོལ་དུས་སྐབས་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཡོ་ནན་ལ་རྒྱབ་སྐྱོར་རྩ་ཆེན་འདོན་སྤྲོད་བྱས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། དུས་ནམ་ཡང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཡོ་ནན་གྱི་སྤྱིའི་ཕྱི་འབྲེལ་གྱི་དམིགས་བསལ་དགོས་མཁོ་དང་། འཐབ་ཇུས་གདམ་གསེས། གྲལ་མགོར་འཇོག་རྒྱུ་ཡིན། མིག་སྔར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་རྒྱས་བཞིན་ཡོད་པས། ཡོ་ནན་གྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉེ་བའི་ལོ་འགའི་རིང་གི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་འདུ་ཤེས་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ། མཐོང་ཆུང་ཁ་བྲལ་ཐག་གཅོད་བྱེད་པར་སྔར་ལས་དོ་དམ་ནན་མོ་བྱེད་པ། བློ་མཐུན་དང་སྤུན་ཟླའི་བསམ་པ་ཇེ་ཟབ་དང་སྲ་བརྟན་དུ་བཏང་ནས། ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་རྒྱུན་མཐུད་ངང་གྲུབ་འབྲས་གསར་པ་ལེན་རྒྱུ་ཡིན་ཞེས་བསྟན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ཁྲོད་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།