ཟླ10ཚེས11ཉིན། ཞིང་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་སོགས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་དཀའ་སྤྱད་དངོས་སྒྲུབ་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། “བློ་ཁོག་ཆེན་པོས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ཕུགས་འདུན་བཅངས་བ་དང་། རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ལག་རྩལ་སྦྱོང་བརྡར། དཔའ་ངར་ཆེན་པོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བྱས་རྗེས”བཅས་ཀྱི་འབོད་སྐུལ་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། དཔའ་བོ་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མཁས་པར་བརྩི་མཐོང་དང་དཔའ་བོར་བརྩི་མཐོང་། གདོང་ལེན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་འཕེལ་རྣམ་པའི་འགོར་འགྱངས་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་ལམ་ཚོགས་འདུའི་དགོངས་དོན་ཞིབ་འཇུག་དང་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་བྱ་བར་དམ་པོར་དམིགས་པ། འབྲེལ་ཡོད་ཆ་ཚང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། བཅོས་སྒྱུར་གྱི་ལས་འགན་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བསྟན།
གྲོས་ཚོགས་ཐོག་རྒྱལ་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུ་གསུམ་གྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། གཟབ་ནན་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས། དོ་དམ་ནན་མོ་དང་དགའ་ཞེན་ཟུང་འབྲེལ་ཐུབ་པ་བཅས་བྱས་ནས། “འདུ་ཤེས་འཛིན་སྟངས་བཞི”གནད་སྨིན་བཀོལ་སྤྱོད་དང་། “དབྱེ་འབྱེད་གསུམ”དོན་འཁྱོལ་ཞིབ་ཚགས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། “ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་ནུས་པ་འདོན་སྤེལ་དང་། སྡེ་ཁག་སོ་སོའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་སྦྲེལ་མཐུད་གཅིག་གྱུར་འཆར་འགོད་དང་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་པ། “ཚོགས་སྒྲིག་རྣམ་པའི” མཚོ་སྐྱོར་བྱ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་འགན་སྲུང་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། ད་ལོའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཐད“ འཕར་སྣོན་གཉིས” མངོན་འགྱུར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། སྤུས་ཚད་དེ་གྲངས་འབོར་ལས་གལ་ཆེ་བ་དང་། ལས་དོན་ཏན་ཏིག་གིས་སྒྲུབ་པ། ཆེར་སྒྲུབ་མྱུར་སྤེལ་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གོམ་པ་རེ་རེ་བཞིན་མདུན་དུ་སྤོ་ཐུབ་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་མགྱོགས་མྱུར་ངང་བསྐྲུན་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས། མཛེས་ལྗོངས་ཁུལ་གྱི“ དཔང་ཡིག་གསུམ”གྱི་དོ་དམ་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ། གོ་རིམ་ལྟར་ཇུས་ཐག་གཅོད་པ་དང་། གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་པ། སྐྱེ་ཁམས་ཀྱི་ཕན་འབྲས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱེད་དགོས་པ། སྐྱེ་ཁམས་ཁོར་ཡུག་གི་ཤོང་ཚད་དང་ཟུང་འབྲེལ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད། སྣེ་ལེན་བྱེད་ནུས་དང་། ཞབས་ཞུའི་སྤུས་ཚད། ཁྲོམ་རར་ལྟ་སྐུལ་དོ་དམ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ནས། ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་གཏོང་དགོས་ལ། སྤྱི་ཁོག་ནས་ཚོད་འཛིན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། བརྟན་བརླིང་ངང་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཡུལ་སྐོར་ཁྲོམ་ར་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་ཡང་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་ལྔ་བའི་ཕྱོགས་བསྡུས་གནས་ཚུལ་དང་། དངུལ་རྩའི་སྡེ་ཁག་གི་ཏང་ཨུས་སྐོར་ཞིབ་ཕྱོགས་བསྡུས་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིབ་ཀྱི “མཇུག་མཐའི་ལས་དོན”ཏན་ཏིག་གིས་ལེགས་པོར་སྒྲུབ་དགོས་པ་དང་། སྐོར་ཞིབ་བྱ་བའི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། ཇི་མ་ཇི་བཞིན་དུ་ཚུར་ལན་སློག་པ་དང་། གནད་དོན་གནད་ལ་འཁེལ་བའི་སྒོ་ནས་སྟོན་པ། སྐོར་ཞིབ་བྱ་ཡུལ་སྡེ་ཁག་གི་དག་ཐེར་ཡོ་བསྲང་གི་འགན་འཁྲི་གཟབ་ནན་དུ་གཏོང་བ། ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་པ། དངོས་གནས་ནན་མོ་དང་དག་ཐེར་ཡོ་བསྲང་དམ་འཛིན་བྱེད་པ། སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་རྩད་ཞིབ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གནད་དོན་དག་ཐེར་ཡོ་བསྲང་བྱེད་པ་དེ་བཅོས་སྐྱོང་གི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པ་དང་ཟུང་འབྲེལ་དང་། སྒྲིག་འགལ་ངང་ཟ་འཐུང་བྱེད་པའི་ཆེད་དོན་དག་ཐེར་བཅོས་སྐྱོང་དང་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པའི་གནད་དོན་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དྲུག་པར་སྐུལ་འདེད་གཏོང་དགོས་པ་བཅས་ནན་གྱིས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།