ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལོའོ་ཝོའོ་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་སྐབས་བཅུ་དགུ་པར་ཞུགས།
ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལོའོ་ཝོའོ་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་སྐབས་བཅུ་དགུ་པར་ཞུགས།
ལིས་ཆང་གིས་བསྟན་དོན། མིག་སྔར། འཛམ་གླིང་དེ་འགྱུར་ལྡོག་དུས་སྐབས་གསར་པར་ཞུགས་པས། གོ་ལ་ཧྲིལ་བོའི་དཔལ་འབྱོར་བསྐྱར་གསོ་བྱ་བའི་སྒུལ་ནུས་མི་འདང་བའི་ཚུལ་དུ་གནས་ཡོད། ད་ལོ་ནི་ཞི་བདེའི་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་ངོ70འཁོར་བའི་ལོ་ཡིན། སྣེ་མང་རྙོག་འཛིང་གི་འཛམ་གླིང་ཁྲོད་དུ། ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཧ་ཅང་རྩ་ཆེ་བར་གྱུར་ཡོད་ཅིང་། འདྲ་མཉམ་སྟངས་འཛིན་དང་བརྩི་བཀུར་གཉིས་ཕན། བརྟན་འཇགས་མཉམ་སྐུལ་རྒྱུན་འཁྱོངས་བྱས་ན་ཡ་གླིང་གིས་འཕེལ་རྒྱས་མྱུར་མོ་སྲུང་འཛིན་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཞིང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་ན་མུ་མཐུད་རྩ་དོན་ལྔའི་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་དགོས། རྩ་དོན་ལྔ་དེ་ད་ལྟའི་བར་རྗེས་ལུས་སུ་གྱུར་མེད་པར་མ་ཟད། དུས་ཡུན་ཅི་འདྲ་འགོར་ཡང་སྔར་བཞིན་ཐབས་ཤེས་ལྡན་ལ། སྔར་ལས་ལྷག་པར་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་མངོན་པར་མཚོན་ཐུབ་ཅེས་བསྟན།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྔར་ལས་དར་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་བར་དམིགས་ཏེ། སྔར་ལས་ལེགས་པའི་སྒོ་ནས་ཐུན་མོང་འདུ་ཤེས་གཅིག་སྡུད་དང་ཕན་ཚུན་ཡིད་རྟོན་ཇེ་ཟབ། མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་ས་གནས་དང་འཛམ་གླིང་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་ཞིག་བསྐྲུན་འདོད་ཡོད། གཅིག་ནི་ཞི་བདེ་ལྷིང་འཇགས་བརྟན་སྲུང་ནན་མོ་བྱེད་དགོས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་བར་འཛིན་པ་དང་སྒོ་འབྱེད་བཟོད་སྒོམ་གྱི་ཁུལ་ཁོངས་སྒྲོམ་གཞིར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་ཁུལ་ཁོངས་བདེ་འཇགས་བཅོས་སྐྱོང་གི་བགྲོད་ལམ་དུ་བསྐྱོད་དགོས། ས་ཁུལ་གྱི་བརྟན་འཇགས་ལ་གནོད་པ་དང་། འགལ་ཟླ་ཉེན་ཁ་ཇེ་མཐོར་གཏོང་བའི་བྱ་སྤྱོད་ཐད་དོགས་ཟོན་མཐོར་འདེགས་དང་དེ་གཏན་འགོག་ནན་མོ་བྱེད་དགོས། གཉིས་ནི་ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཀྲུའུ་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་ཧུར་ཐག་གིས་དངོས་འབེབས་བྱེད་པ་དང་། རང་སོ་སོའི་ཕན་ཚུན་གསབ་རེས་ཐུབ་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དང་རྒྱལ་ཁབ་ཀྱི་དགོས་མཁོར་གྱུར་པའི་ལྗང་མདོག་ཚུལ་སྒྱུར་དང་། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། སྤྱི་ཕན་བཟོད་སྒོམ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གསུམ་ནི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱེད་པ་དང་། ཨེ་ཤ་ཡའི་དཔལ་འབྱོར་རང་མོས་ཉོ་ཚོང་ཁུལ་མྱུད་དུ་འཛུགས་པ། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། ཉོ་ཚོང་གནད་དོན་ཆབ་སྲིད་དང་བདེ་འཇགས་ཀྱི་ཁོངས་སུ་ཁྱབ་པར་གཡོལ་ཐབས་བྱེད་དགོས་ཞེས་བསྟན།
ལིས་ཆང་གིས་ས་གནས་འབྱོར་ཕྱུག་འཕེལ་རྒྱས་འགྲོ་ན་རྒྱ་མཚོ་ལྷོ་མའི་ཞི་བདེ་བརྟན་འཇགས་དང་ཁ་འབྲལ་ཐབས་མེད། ཀྲུང་གོས་དུས་ནམ་ཡང་མཉམ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་སྤྱི་ཆིངས་འདུ་བའི་རྒྱལ་སྤྱིའི་བཅའ་ཁྲིམས་འབད་པས་བརྩི་སྲུང་བྱེད་ཅིང་། རྒྱ་མཚོ་ལྷོ་མའི་ཕྱོགས་སོ་སོའི་བྱ་སྤྱོད་བསྒྲགས་གཏམ་དུས་ནམ་ཡང་བརྟན་སྲུང་བྱེད་ལ། སྐབས་དོན་རྒྱལ་ཁབ་དང་ཁ་བརྡ་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ནས། མཚོ་ཐོག་གི་དངོས་གཉེར་མཉམ་ལས་ཧུར་ཐག་གིས་སྤེལ་རྒྱུ་ཡིན། མིག་སྔར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་མཚོ་ལྷོ་མའི་བྱ་སྤྱོད་ཚད་འཛིན་གྱི་གྲོས་མོལ་སྤེལ་བཞིན་པས་སྔ་མོ་ནས་དམིགས་ཡུལ་གཅིག་གྱུར་ཐུབ་པར་འབད་བརྩོན་བྱེད་དགོས། འབྲེལ་ཡོད་ཀྱི་ཁུལ་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ས་གནས་རྒྱལ་ཁབ་ཀྱིས་རྒྱ་མཚོ་ལྷོ་མོའི་ཞི་བདེ་བརྟན་འཇགས་མཉམ་དུ་སྲུང་སྐྱོང་ཐད་འབད་འབུངས་བྱེད་པར་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས། ས་གནས་ཞི་བདེ་བརྟན་འཇགས་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།