ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལོའོ་ཝོའོ་རྒྱལ་ཚོགས་གྲོས་ཁང་དུ་ལོའོ་ཝོའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལོའོ་ཝོའོ་རྒྱལ་ཚོགས་གྲོས་ཁང་དུ་ལོའོ་ཝོའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ལོའོ་ཝོའོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་འབྲེལ་ཁྱིམ་མཚེས་བཟང་པོ་ཡིན་པས། རྒྱལ་ཁབ་རང་ཚུགས་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་ཅིང་། རང་སོ་སོའི་བཅོས་སྒྱུར་སྒོ་འབྱེད་དང་གསར་བརྗེའི་ལས་དོན་ཁྲོད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ལ། བློ་མཐུན་དང་སྤུན་ཟླ་ལྟ་བུའི་འདུ་ཤེས་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་དཔེ་མཚོན་གསོན་པོ་ཞིག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ལོའོ་ཝོའོ་ཡི་འབྲེལ་བ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་པར་ཞུགས་ཡོད། ཀྲུང་གོས་ལོའོ་ཝོའོ་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་མོ་བྱེད་པར་མ་ཟད། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལོའོ་ཝོའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལས་དོན་ཡུན་རིང་བརྟན་པོར་འཕེལ་བར་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱི་ལོའོ་ཝོའ་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་གྲོས་གཞི་དངོས་འབེབས་ཡག་པོ་བྱེད་པ་དང་། མཉམ་ལས་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་ལེགས་པོ་གཏོང་བ། ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཚན་ཆུང་བཅས་ཀྱི་འགྲོ་འོང་གི་གནས་བབ་བཟང་པོ་རྒྱུན་སྲིང་བྱེད་ཅིང་། ཕྱོགས་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་དང་ཁྲིམས་འཛུགས་ལྟ་སྐུལ་གྱི་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ལ་ཞབས་འདེགས་གང་ལེགས་ཞུས་ཏེ། ཕྱོགས་གཉིས་ཀྱི་འབྱོར་ཕྱུག་འཕེལ་རྒྱས་ཐད་སྔར་ལས་མང་བའི་རོགས་ཤུགས་འདོན་སྤྲོད་བྱ་རྒྱུ་ཡིན་ཞེས་བསྟན།
སའེ་སུང་ཕིན་གྱིས་བསྟན་དོན། ལོའོ་ཝོའོ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་པས། ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་ཞིག་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྲོས་གཞི་དང་གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅིང་། ལོའོ་ཝོའོ་ཕྱོགས་ཀྱིས་ཀྱང་ཚད་མཐོའི་བསྟོད་བསྔགས་དང་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ལོའོ་ཝོའོ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཆེ་ཞུ། ལོའོ་ཝོའོ་ཕྱོགས་ཀྱིས་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ལོའོ་ཝོའོ་དང་ཀྲུང་གོའི་མཛའ་བརྩེ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ལོའོ་ཝོའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེ་སྔར་ལས་མང་བའི་གྲུབ་འབྲས་ལེན་འདོད་ཡོད།
རིག་འཛིན་སྒྲོལ་བསྒྱུར།