ལིས་ཆང་གིས་ལོའོ་ཝོའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མཇལ་འཕྲད་གནང་།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལོའོ་ཝོའོ་ཀྲུའུ་ཞིའི་བཞུགས་ཤག་ཏུ་ལོའོ་ཝོའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མཇལ་འཕྲད་གནང་།

ས་གནས་དེའི་དུས་ཚོད་ཟླ10ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལོའོ་ཝོའོ་ཀྲུའུ་ཞིའི་བཞུགས་ཤག་ཏུ་ལོའོ་ཝོའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་ཏེ། ལོའོ་ཝོའོ་ཡིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་བདེ་ལེགས་ངང་སྤེལ་བར་རྟེན་འབྲེལ་ཞུས། ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ལོའོ་ཝོའོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བློ་མཐུན་དང་སྤུན་ཟླ་ལྟ་བུ་ཡིན་ལ། འབྲེལ་བ་བཙུགས་ནས་ལོ་ངོ60འཁོར་བའི་རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་མང་པོ་ཐེག་ཐུབ་ནས། རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་འཐབ་ཇུས་མཐུན་སྦྱོར་གྱི་འབྲེལ་བ་དམ་ཟབ་སྲུང་འཛིན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ལོའོ་ཝོའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྣེ་སྟོན་མཛད་པ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོའོ་ཝོའོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་གྱི་གོ་གནས་གལ་ཆེན་སྟེང་འཇོག་པ་དང་། ལོའོ་ཝོའོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་འཇོག་བྱེད་ཅིང་། ཆབ་སྲིད་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་རྡང་མཉམ་སྦྲེལ་གྱིས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལོའོ་ཝོའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོས་ལོའོ་ཝོའོ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ལོའོ་ཝོའོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་སྟེང་མུ་མཐུད་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལོའོ་ཝོའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་གསར་པ་མྱུར་དུ་དངོས་འབེབས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གྲོས་གཞིར་སྐུལ་འདེད་གཏོང་བ་དང་ལོའོ་ཝོའོ་ཡི་འཐབ་ཇུས་དང་སྦྲེལ་མཐུད་པར་བྱེད་པ། ཉོ་ཚོང་དང་དངུལ་གཏོང་། ཐོན་ནུས། གློག་ནུས། གཏེར་ཁ་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། སྦས་ཤུགས་སྔར་ལས་སྔོག་འདོན་བྱེད་པ། ཀྲུང་གོ་དང་ལོའོ་ཝོའོ་ཡི་ལྕགས་ལམ་ཕན་ནུས་འདོན་སྤེལ་བྱས་ནས། ཀྲུང་གོ་དང་ལོའོ་ཝོའོ་ཡི་ཁྱོན་ཡོངས་ཀྱི་མཉམ་ལས་ཀྱིས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མང་པོ་ལོན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ལོའོ་ཝོའོ་ཕྱོགས་དང་མཉམ་དུ་རིག་གནས་དང་ཡུལ་སྐོར། སློབ་གསོ་སོགས་མི་ཆོས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། ཕན་ཚུན་རྒྱུན་ལོན་ཚད་དང་ཕན་ཚུན་གྱི་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་སྤེལ་བར་སྔར་ལས་བརྟན་པའི་དམངས་འདོད་རྨང་གཞི་འདིང་ངེས་ཡིན།

ཐུང་ལུན་གྱིས་ལིས་ཆང་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད་ཅིང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས། ཐུང་ལུན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་ཀུན་གྱི་མཐོང་སྣང་དུ་གྱུར་པའི་ལོ་རྒྱུས་རིང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས་ཤིང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ཇེ་མཐོར་འགྲོ་བཞིན་ཡོད་པས། ལོའོ་ཝོའོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ཡོད། ལོའོ་ཝོའོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དེ་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། ཟླ་གྲོགས་བཟང་པོར་བརྩི་བར་མ་ཟད། ཀྲུང་གོ་གཅིག་རྩ་དོན་བརྟན་སྲུང་ནན་མོ་བྱེད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་ཝན་དང་ཞིན་ཅང་། ཞང་ཀང་དང་འབྲེལ་བའི་གནད་དོན་སྟེང་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་པོ་གསུམ་ལའང་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ལོའོ་ཝོའོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་དུ་གཏོང་བ་དང་། ལོའོ་ཝོའོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དེ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་གཞི་དང་སྦྲེལ་མཐུད་ཐུབ་པར་ཤུགས་སྣོན་པ། ལོའོ་ཝོའོ་དང་ཀྲུང་གོའི་བར་གྱི་ལྕགས་ལམ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། ལོའོ་ཝོའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལས་དོན་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་གང་མང་བསྐྲུན་འདོད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།