ལིས་ཆང་དང་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་མཉམ་དུ་ཀྲུང་གོ་དང་ཡའོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས། 
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧི་ནེ་རུ་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་མཉམ་དུ་ཀྲུང་གོ་དང་ཡའོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས། 

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧི་ནེ་རུ་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་མཉམ་དུ་ཀྲུང་གོ་དང་ཡའོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས། 

རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་འཐུས་མིའི་གཏམ་བཤད་ལ་གསན་རྗེས་ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཡའོ་ནན་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཁྱིམ་མཚེས་ཡིན་པའི་ངོས་ནས་རང་སོ་སོའི་འཕེལ་རྒྱས་ནི་ཕན་ཚུན་གྱི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་ཡིན། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡའོ་ནན་མཉམ་ལས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་གྱི་འབྱུང་ཁུངས་ཤིག་ཀྱང་ཡིན། མ་འོངས་པར་རྒྱང་ལྟ་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་མཐུད་སྦྲེལ་མཐུད་དང་། ཕན་ཚུན་སྦྲེལ་མཐུད་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ། ལེགས་ཆ་གསབ་རེས་རྒྱུན་མཐུད་ངང་བྱེད་ཐུབ་པར་མ་ཟད། དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ད་དུང་སྔར་ལས་ཆེ་བའི་བར་སྟོང་རྒྱ་བསྐྱེད་དང་སྔར་ལས་ཆེ་བའི་སྦས་ཤུགས་སྔོག་འདོན་ཐུབ་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་གཅིག་མཚུངས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་། དུས་མཚུངས་སུ་ས་བབ་འབྲེལ་བ་དང་མིའི་བར་གྱི་འབྲེལ་བ་དམ་ཟབ་ཡོད་ལ། “བློ་མཐུན་དང་སྤུན་ཟླའི”མཛའ་བརྩེ་ཟབ་མོ་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ཚོས་འཕེལ་ཕྱོགས་ཆེན་པོར་བསྟུན་པ་དང་། གོ་སྐབས་སྔར་ལས་དམ་འཛིན་ཡག་པོ་བྱེད་པ། མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱས་ཏེ་ཁེ་ལས་རང་ངོས་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་མ་ཟད། ཀྲུང་གོ་དང་ཡའོ་ནན་གྱི་ཐུན་མོང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། གཅིག་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྔར་ལས་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་མཐུན》དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི3.0པར་གཞི་སོགས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་མཐུན་དང་སྲིད་ཇུས་ཀྱི་ཁེ་སྤོགས་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་། གཉིས་ནི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་མཁོ་སྤྲོད་ཕན་ཚུན་ཇེ་ཟབ་ཏུ་བཏང་སྟེ་བརྟན་ཞིང་མྱུར་བའི་ས་ཁོངས་བརྒལ་བའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གཏོད་དགོས། གསུམ་ནི་གསར་གཏོད་དང་གསར་སྐྲུན་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ནས་ཐོན་སློབ་ཞིབ་སྤྱོད་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་པ་དང་། ལྷག་པར་དུ་དག་གཙང་ནུས་ཁུངས་དང་། སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ལ་སྔར་ལས་དོ་ཁུར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། 

ཧྥན་མེན་ཀྲིན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་སྣེ་ཁྲིད་འོག་ཡའོ་ནན་དང་ཀྲུང་གོའི་འབྲེལ་བ་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ནས་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོ་ནི་ཡའོ་ནན་གྱི་ཚོང་དོན་ཟླ་གྲོགས་ཆེ་ཤོས་དང་། ཡའོ་ནན་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནང་གི་ཀྲུང་གོའི་ཚོང་དོན་ཟླ་གྲོགས་ཆེ་ཤོས་ཡིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཁྱད་ཆོས་དང་རྒྱབ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཕན་ཚུན་གྱི་ལེགས་ཆ་གསབ་རེས་དང་། སྦས་ཤུགས་སྔར་ལས་སྔོག་འདོན་གང་ལེགས་བྱེད་པ། ཁེ་ལས་ཀྱི་མཉམ་ལས་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩ་དང་། ཚན་རྩལ། དངུལ་གཏོང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། གཞི་གྲངས་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། ཐོན་སྤྲོད་ཕྲེང་འབྲེལ་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཡའོ་ནན་སྲིད་གཞུང་གིས་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་མཁོ་འདོན་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཡའོ་ནན་ལ་དངུལ་གཏོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་མཐུད་ལ་ཧུར་ཐག་གིས་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཡའོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཟེར།

ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་ཀྱིས་ཀྲུང་གོ་དང་ཡའོ་ནན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་འཐབ་ཇུས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ལས་རིགས་ཀྱིས་ཕན་ཚུན་གྱི་ཁྲོམ་རའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཡིད་ཆེས་བརྟན་པོ་བཅངས་ནས་གོ་སྐབས་དམ་འཛིན་བྱས་ཏེ་དངུལ་རྩ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གཞི་གྲངས་དཔལ་འབྱོར། ལྗང་མདོག་ནུས་ཁུངས། འཕྲིན་གཏོང་། ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རིམ་པ་སྔར་ལས་ཟབ་པ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།