ལིས་ཆང་ལའོ་ཝུའོ་ཡི་ཙུང་ལི་དང་མཉམ་དུ་མཱ་ཧའོ་སའོ་ཕྱོགས་བསྡུས་སྨན་ཁང་གི་ཐོག་ཁང་འགྲུབ་པའི་མཛད་སྒོར་ཞུགས།
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ས་དེའི་དུས་ཚོད་ཟླ10པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཝན་ཞང་ནས་ལའོ་ཝུའོ་ཡི་ཙུང་ལི་སུང་སའེ་དང་མཉམ་དུ་ལའོ་ཝུའོ་ཡི་མཱ་ཧའོ་སའོ་ཕྱོགས་བསྡུས་སྨན་ཁང་ཐོག་ཁང་འགྲུབ་པའི་མཛད་སྒོར་ཞུགས།

ས་དེའི་དུས་ཚོད་ཟླ10པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཝན་ཞང་ནས་ལའོ་ཝུའོ་ཡི་ཙུང་ལི་སུང་སའེ་དང་མཉམ་དུ་ལའོ་ཝུའོ་ཡི་མཱ་ཧའོ་སའོ་ཕྱོགས་བསྡུས་སྨན་ཁང་ཐོག་ཁང་འགྲུབ་པའི་མཛད་སྒོར་ཞུགས།

ལིས་ཆང་གིས་བསྟན་དོན། མཱ་ཧའོ་སའོ་ཕྱོགས་བསྡུས་སྨན་ཁང་ནི་ཀྲུང་གོ་དང་ལའོ་ཝུའོ་ཡིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ལའོ་ཝུའོ་མི་དམངས་ལ་དངོས་གནས་ཕན་འདོགས་ཐུབ། ཀྲུང་གོས་ལའོ་ཝུའོ་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་ཡི་མཉམ་ལས་རྒྱུན་མ་ཆད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

སུང་སའེ་ཡིས་བསྟན་དོན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ལའོ་ཝུའོ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་ལའོ་ཝུའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།

ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། འཛུགས་སྐྲུན་ཁེ་ལས། མཱ་ཧའོ་སའོ་སྨན་ཁང་གི་སྨན་བཅོས་མི་སྣའི་འཐུས་ཚབ་བཅས་མི་ཉིས་བརྒྱ་ཙམ་མཛད་སྒོར་ཞུགས།

རིན་ཆེན་མཚོས་བསྒྱུར།