ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.10.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ10པའི་ཚེས12ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་གཞིའི་གྲོས་དོན་དང་གྲོས་ཚོགས་འཚོགས་པའི་དུས་ཡུན་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གཅིག་གྱུར་འདྲི་གཅོད་ཀྱི་བྱ་བར་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོ་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཟི་ལིང་གྲོང་ཁྱེར་གྱི་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག་དང་། ཟི་ལིང་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་དོ་དམ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་བཅས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཡོང་འབབ་དང་འགྲོ་གྲོན་གཞན་དག་རྩིས་བཤེར་ཞིབ་བཤེར་གནད་དོན་ལེགས་བཅོས་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། གྲོང་གསེབ་དར་སྤེལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་བྱ་བའི་གནས་ཚུལ་སྙན་ཞུ་བཅས་ཀྱི་གྲ་སྒྲིག་གནས་ཚུལ་གྲོས་ཞིབ་བྱེད་པའི་སྙན་ཞུར་ཉན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་གཞི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་ལས་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ། མི་དོན་བསྐོ་འཐེན་བྱ་བ་སྣ་ཚོགས་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་དོན་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་དུ་འཇོག་པར་མོས་མཐུན་བྱུང་ཞིང་། ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་སྐབས་སུ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ལག་བསྟར་བྱེད་པའི་དུས་རིམ་བར་མའི་དཔྱད་འཇོག་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཆེད་དོན་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་རང་ཞིང་གི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་ཆེད་དོན་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པའི་བྱ་བའི་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་ཆེད་དོན་འདྲི་རྩད་ཁས་ལེན་བྱ་བ་སྣ་ཚོགས་ཀྱི་ལེགས་བཅོས་གནས་ཚུལ་ཐག་གཅོད་བྱེད་པའི་ཆེད་དོན་བྱ་བའི་སྙན་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ཞིབ་བཤེར་བྱེད་པའི་སྙན་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་ལག་བསྟར་གནས་ཚུལ་ཞིབ་བཤེར་བྱེད་པའི་སྙན་ཞུའི་གྲོས་ཞིབ་བསམ་འཆར་གྱི་འཆར་ཟིན་འགོད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་ཞིབ་བསམ་འཆར་ལ་གྲོས་མཐུན་བྱུང་།

ལྷ་མོ་འཚོས་བསྒྱུར།