ས་གནས་དེ་གའི་ཟླ10པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡའོ་ནན་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ནང་དུ་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་ལ་མཇལ་འཕྲད་གནང་།
ས་གནས་དེ་གའི་ཟླ10པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡའོ་ནན་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ནང་དུ་ཡའོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཡའོ་ནན་བར་གྱི་འབྲེལ་བས་བདེ་ཐང་བརྟན་བརླིང་གི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་བཏང་། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ལ་གདོང་གཏོད་སྐབས། ཀྲུང་གོའི་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། བློ་རྩ་བརྟན་པོས་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། ལག་རྡང་སྦྲེལ་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་རྒོལ་བ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དུ་འཇུག་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རང་སོ་སོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཅིང་། གསར་གཏོད་ཁྱབ་ཁོངས་མང་པོར་དམིགས་ནས། ཀྲུང་གོ་དང་ཡའོ་ནན་གྱི་གཞི་གྲངས་དཔལ་འབྱོར་དང་ནུས་ཁུངས་གསར་མ། 5Gསོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐུན་མོང་གིས་སྒུལ་ནུས་གསར་བ་རྒྱ་བསྐྱེད་དང་འཕེལ་རྒྱས་གཏོང་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་ལ། དེ་དང་མཉམ་དུ་དམངས་འདོད་ཁྲིད་སྟོན་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་བར་གྱི་འགྲོགས་འདྲིས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་མཉམ་ལས་བྱེད་པའི་དམངས་འདོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།
ཁྲིན་ཆིན་མེན་གྱིས་ཀྲུང་གོས་ཉེ་བའི་ལོ་འགའི་རིང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་རླབས་ཆེན་གྲུབ་འབྲས་གསར་བ་ལེན་པའི་ཡིད་ཆེས་ཡོད། ཡའོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་འདི་ཉིད་ཡའོ་ནན་གྱི་ཕྱི་ཕྱོགས་འབྲེལ་བའི་ཁ་ཕྱོགས་གཙོ་བོ་དང་འཐབ་ཇུས་གདམ་གར་བརྩིས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལྟར། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་དམ་ཟབ་སྤེལ་བ་དང་། སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་བ་སྣོན་རྒྱུ་ཡིན། ཡའོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་མཛའ་མཐུན་རྨང་གཞི་སྲ་བརྟན་གཏོང་བ་དང་འཐབ་ཇུས་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་འདོན་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།