ལིས་ཆང་དབྱི་སི་ལན་པའོ་རུ་ཕེབས་ནས་ཕཱ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་གནང་བར་མ་ཟད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས།
2024.10.16 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙིའི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཆེད་བཏང་གནམ་གྲུར་བསྡད་དེ། ས་དེའི་དུས་ཚོད་ཟླ10པའི་ཚེས14ཉིན་གྱི་ཉིན་གུང་དབྱི་སི་ལན་པའོ་ནུའུ་ཨར·ཧན་གནམ་གྲུ་ཐང་དུ་འབྱོར་ནས། ཕཱ་ཁི་སི་ཐན་དུ་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས་པ་མ་ཟད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་རྒྱུ་རེད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཙའེ་ཏུང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་སོ་སོ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་།    བརྟན་བརླིང་།    འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱིན་ཡོད།

ལིས་ཆང་གིས་ཡའོ་ནན་ལ་དངོས་སུ་འཚམས་འདྲིར་བྱས་རྗེས་དབྱི་སི་ལན་པའོ་རུ་ཕེབས་པ་རེད།     ཧི་ནེ་དང་ཁ་བྲལ་སྐབས་ཡའོ་ནན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་་ཕེ་ཆིན་ཧྲན་དང་ཡའོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧི་ཝུའེ་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།

ཤ་བོ་རིན་མཚོས་བསྒྱུར།