ས་གནས་དེའི་དུས་ཚོད་ཟླ10ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱི་སི་ལན་པོ་རུ་ཕཱ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཅི་ལཱ་ཉི་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སཱ་ཏིས་ཁི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་འཕེལར་རྒྱས་ཀྱི་རྣམ་པ་ལེགས་པོ་སྲུང་འཛིན་བྱས་ཡོད། ཀྲུང་གོས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕཱ་ཁི་སི་ཐན་གྱི་འགི་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པར་མ་ཟད། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་ཆབ་སྲིད་ཡིད་རྟོན་སྲ་བརྟན་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཕཱ་ཁི་སི་ཐན་གྲོས་ཞུགས་ཁང་དང་རྒྱལ་དམངས་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་བྱ་བ་འཕེལ་རྒྱས་འགྲོ་བར་བཅའ་ཁྲིམས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལ་སྐུལ་སྤེལ་བྱེད་པར་སྟོབས་ཤུགས་འབུལ་འདོད་ཡོད།
ཕཱ་ཁི་སི་ཐན་ཕྱོགས་ཀྱིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རླབས་ཆེ་བའི་གྲུབ་འབྲས་བླངས་པར་ཡིད་སྨོན་དང་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་མ་ཟད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ཐད་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་བཟང་ཕྱོགས་སུ་འཕེལ་རྒྱས་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།