ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་སྤོབས་པ་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱ་དགོས།
2024.10.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། འཛུགས་སྐྲུན་ལམ་ལུགས་ཀྱི་བྱ་བ་དམ་འཛིན་ལེགས་པོ་བྱས་ནས།    ཐོན་ལས་ལེགས་པ་དང་དམངས་རྣམས་ཕྱུག་པ། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་པའི་དམིགས་འབེན་དམ་འཛིན་ལྷོད་མེད་བྱེད་པ།    འཆར་གཞི་གཅིག་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ངར་ཤུགས་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་ཆེད་གསར་འབྱེད་གསར་གཏོད་དང་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོག་མར་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཨའོ་ཅའོ་སྡེ་བར་རྟོག་ཞིབ་གནང་དུ་ཕེབས་པ་དང་། གནས་དེའི་ཕྱོགས་གསུམ་མཚོ་དང་འབྲེལ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ། མཚོ་ལ་བརྟེན་ནས་སྡེ་བ་དར་རྒྱས་གཏོང་བ་དང་མཚོ་ལ་བརྟེན་ནས་སྡེ་བ་སྟོབས་ཆེར་གཏོང་བའི་ལམ་གསར་པ་ཞིག་ཏུ་བསྐྱོད་ཡོད། ཞི་ཅིན་ཕིང་ཨའོ་ཅའོ་འགག་ནས་རྐང་ཐང་དུ་བསྐྱོད་དེ་མཚོ་ཁོངས་ཀྱི་ཁོར་ཡུག་དང་སྡེ་བའི་རྣམ་པར་གཟིགས་ཞིབ་གནང་བར་མ་ཟད།    མཚོ་ཟས་སྐམ་སིལ་དང་ཉ་ཡི་ཐོན་རྫས་ཉོ་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་།  2001ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གི་འགན་ཁུར་པའི་ཞི་ཅིན་ཕིང་ཨའོ་ཅའོ་སྡེ་བར་རྟོག་ཞིབ་བྱེད་པར་བསྐྱོད་མྱོང་།

ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བའི་སྡེ་མི་ཀའོ་ཧན་ཏུང་གིས་བཤད་རྒྱུར། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ངེད་ཚང་ནས་རྗེས་ཕྱོགས་ཞིང་སྡེའི་སྲིད་ཇུས་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་ངེས་ཡིན་ལ། ལོ་འདི་དག་གི་རིང་ལ་ང་ཚོའི་སྡེ་བའི་ཐོན་ལས་འཕེལ་རྒྱས་སུ་ཕྱིན་པ་དང་། ཉ་འཛིན་པ་དང་གསོ་སྤེལ། ལས་སྣོན། ཡུལ་སྐོར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ཡང་བསྐྱར་སྤྱི་ཁྱབ་ཧྲུའུ་ཅི་མཐོང་པས་སེམས་འགུལ་ཆེན་པོ་ཐེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོའི་འཕེལ་རྒྱས་ཀྱི་ལམ་བུར་ཁས་ལེན་གནང་པས། ང་ཚོ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

2023ལོར། ཨའོ་ཅའོ་སྡེ་བའི་ཐུན་མོང་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ལས་བརྒལ་བ་དང་། ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ལྔ་དང་སྟོང་བརྒྱད་ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་གསུང་རྒྱུར། ཐེངས་འདིར་སྡེ་བར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་མཐོང་སྐབས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ་ཚོར་སྣང་ཟབ་མོའང་སྐྱེས་བྱུང་། ཁོང་གིས་ཚང་མར་གྲོང་གསེབ་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་གནང་།

ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བའི་སྡེ་མི་ཧྲིན་ཆིན་མཱེ་ཡིས་བཤད་རྒྱུར། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག ང་ཚོའི་ཞིང་སྡེའི་འཚོ་བ་དང་མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་ངེས་ཡིན་པས། ང་ཚོས་ངེས་པར་དུ་འབད་པ་ཆེན་པོ་བྱེད་ངེས་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའུ་ཝུན་ཁྲང་རྗེས་དྲན་ཁང་དུ་ཕེབས།  བློ་མཐུན་ཀུའུ་ཝུན་ཁྲང1949ལོར་དམག་དཔུང་དང་མཉམ་དུ་ལྷོ་ཕྱོགས་ཀྱི་ཧྥུའུ་ཅན་དུ་ཕེབས་པ་དང་།    ཏུང་ཧྲན་རྫོང་དུ་ལོ14ལ་ཕྱག་ལས་གནང་།     འགྲེམས་སྟོན་ཁང་དུ་བློ་མཐུན་ཀུའུ་ཝུན་ཁྲང་གིས་ཏུང་ཧྲན་མི་དམངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་དང་རྗེས་ལུས་ཀྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་གཏོང་བའི་རྣམ་པ་སླར་ཡང་མངོན་པར་བྱས་ཡོད།

ཀུའུ་ཝུན་ཁྲང་རྗེས་དྲན་ཁང་གི་འགོ་གཙོ་ཀྲང་ཏུང་ལིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་དུས་ནམ་ཡང་མང་ཚོགས་ཐུགས་སུ་བཟུང་ནས་རྗེས་དྲན་ཁང་དུ་གཟིགས་ཞིབ་ཟབ་མོ་གནང་བ་དང་། གོ་གནས་གཅིག་དང་འགན་འཁྲི་གཅིག་གིས་ས་གནས་ཤིག་ལ་བདེ་སྐྱིད་བསྐྲུན་པའི་བློ་མཐུན་ཀུའུ་ཝུན་ཁྲང་གིས་མི་དམངས་ལ་ལྷག་བསམ་རྣམ་དག་བཅངས་ཡོད་ལ། ང་ཚོས་ཀྱང་རྣམ་པ་མང་པོ་བརྒྱུད་དེ་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཟང་བོ་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའུ་ཝུན་ཁྲང་ལས་བྱེད་སློབ་གླིང་གི་དགེ་རྒན་དང་སློབ་མའི་འཐུས་མི་ལ་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།  ཞི་ཅིན་ཕིང་གིས་ལས་བྱེད་པའི་ལས་འབྲས་བཟང་མིན་བསྡུར་ཞིབ་བྱེད་ན་གཙོ་བོ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མིན་ལ་བལྟ་དགོས།     རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱས་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་བཙུགས་ཏེ། བྱ་བའི་གྲུབ་འབྲས་མི་དམངས་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱེད་དགོས་ཞེས་བསྟན།

ལྷ་ཆེན་ཀོན་ཡུས་རིག་གནས་ཐོན་ལས་གླིང་དུ། ཞི་ཅིན་ཕིང་གིས་ས་གནས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་བསྣན་ཚུལ་དང་། འགྲམ་གཉིས་ཀྱི་རིག་གནས་བརྗེ་རེས་སོགས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན། ཁོང་གིས་རིག་གནས་ཤུལ་བཞག་ནི་མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་ཡིན་ལ། དེ་ལ་སྲུང་སྐྱོབ་བཟང་པོ་དང་རྒྱུད་འཛིན་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཧྥུན་ཏུང་ཧྲི་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཧོང་ཡུང་ཏི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་དང་། དེས་ང་ཚོའི་བྱ་བར་སྐུལ་ལྕག་ཆེན་པོ་ཐེབས་ཐུབ་ལ། ང་ཚོས་ལྷ་ཆེན་ཀོན་ཡུས་རིག་གནས་སོགས་རིག་གནས་ཤུལ་བཞག་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་དར་སྤེལ་དང་བརྒྱུད་བསྒྲགས་ཤུགས་ཆེན་བྱས་ཏེ། མི་སྔར་ལས་མང་པོར་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཀྲུང་གོའི་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ཞ་མིན་གླིང་ཁུལ་ནི2015ལོའི་ཟླ་བཞི་པར་སྒོ་བྱང་བཀལ་ནས་བཙུགས། མིག་སྔར་རིམ་རྩིས་བྱས་ན་གསར་གཏོད་བྱེད་ཐབས་606བཏོན་པའི་ནང་རྒྱལ་ཡོངས་ཀྱི་གསར་གཏོད་ཐོག་མ་སྣ142དང་། བཅོས་སྒྱུར་ཚོད་ལྟའི་ཉམས་མྱོང31རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་ཡོད། གནས་དེ་རུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དང་ཞ་མིན་གྱིས་དུས་བབ་ཀྱི་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་།   ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་ཆེད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན།

ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བར་དང་།    ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནས། རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་ཧྥུའུ་ཅན་གྱི་སྣང་བརྙན་གསར་པ་མངོན་པར་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཧྥུའུ་ཅན་འཕེལ་རྒྱས་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།     ཚན་རྩལ་འགག་སྒྲོལ་གྱི་ལས་ཡུལ་དང་པོ་དང་སྐྱེ་ཁམས་བཟོ་སྐྲུན་ཡུལ་དངོས་སུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས། གཞན་གྱི་སྔོན་དུ་སྒྲུབ་ཕོད་པ་དང་རྒྱལ་ཁ་ལེན་རྒྱུར་དགའ་བའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་སྤོབས་པ་ཞུམ་མེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།