ལིས་ཆང་གིས་ཕྱི་རྒྱལ་གྱི་འཚམས་འདྲི་མཇུག་བསྒྲིལ་ནས་ཕྱིར་པེ་ཅིང་དུ་ལོག
2024.10.19 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 3

ཟླ10པའི་ཚེས17ཉིན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་དངོས་གཞིའི་འཚམས་འདྲི་མཇུག་བསྒྲིལ་བ་མ་ཟད།    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་རྗེས།   ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་པེ་ཅིང་དུ་ལོག

དབྱི་སི་ལན་པའོ་དང་འབྲལ་སྐབས། ཕ་ཁི་སི་ཐན་གྱི་འཆར་འགོད་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དབྱི་ཁི་པཱ་ཨར་དང་ཕ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཙའེ་ཏུང་གཉིས་ཀྱིས་གནམ་གྲུ་ཐང་ནས་སྐྱེལ་མ་བྱས།

ཤ་བོ་རིན་མཚོས་བསྒྱུར།