ཧན་ཀྲིན་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་ནས་ཧིན་རྡུ་ཉི་ཞི་ཡ་དང་ཝུན་ལའེ་ལ་འཚམས་འདྲི་གནང་རྒྱུ་རེད།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་གདན་ཞུ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཟླ10པའི་ཚེས20ཉིན་ཡཱ་ཅཱ་ཏ་རུ་བསྡུ་རྒྱུ་ཡིན་པའི་ཙུང་ཐུང་ཕུའུ་ལཱ་པོ་ཨོའི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད། ཟླ10པའི་ཚེས19ནས21ཉིན་བར་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་གནང་རྒྱུ་རེད་ཟེར།

ཝུན་ལའེ་སྲིད་གཞུང་གི་གདན་ཞུ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཟླ10པའི་ཚེས21ནས་ཚེས23ཉིན་བར་ཝུན་ལའེ་ལ་འཚམས་འདྲི་གནང་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།