ཏེན་ཞུའེ་ཞང་གིས་སོ་སོར་པ་ཞིའི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁི་སི་ཐཱ་དང་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་ཀྱི་བློན་ཆེན་མཱིས་ལཱ་གཉིས་ལ་མཇལ་འཕྲད་གནང་།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ10པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་སོ་སོར་པ་ཞིའི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁི་སི་ཐཱ་དང་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་ཀྱི་བློན་ཆེན་མཱིས་ལཱ་གཉིས་ལ་མཇལ་འཕྲད་གནང་།

ཟླ10ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་པཱ་ཞི་ཡི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁི་སི་ཐཱ་ལ་མཇལ་འཕྲད་གནང་།

ཁི་སི་ཐཱ་ལ་མཇལ་འཕྲད་གནང་སྐབས་ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་པཱ་ཞི་ནི་ཚབ་མཚོན་རང་བཞིན་གལ་ཆེན་ལྡན་པའི་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཞིང་། བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་། མཉམ་འབྲེལ་མཉམ་སྐྱོད་ཀྱི་ཟླ་གྲོགས་བཟང་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལཱ་རྣམ་གཉིས་ཀྱི་འཐུབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པཱ་ཞིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་གསོན་ཤུགས་རབ་ཏུ་རྒྱས་པའི་འཕེལ་རྒྱས་ལེགས་པོ་མངོན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་རྒྱུན་མཐུད་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ལེན་བཞིན་ཡོད། ཀྲུང་གོས་པཱ་ཞི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་བར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱེད་རྒྱུ་དང་། འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བྱས་ཏེ། གཉིས་ཕན་མཉམ་ལས་ཀྱི་ཟབ་ཚད་དང་ཁྱབ་ཚད། མཐོ་ཚད་བཅས་མུ་མཐུད་དུ་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཁི་སི་ཐཱ་ཡིས་པཱ་ཞི་ཡིས་ཀྲུང་གོ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དེ་ཡིད་རྟོན་རུང་ཞིང་དུས་ཡུན་རིང་བོའི་མཉམ་ལས་ཟླ་གྲོགས་སུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཐུབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་འབྲེལ་བར་རིམ་སྤོར་བྱེད་རྒྱུ་ཡིན་ཞེས་བསྟན།

ཟླ10ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་ཀྱི་བློན་ཆེན་མཱིས་ལཱ་ལ་མཇོལ་འཕྲད་གནང་།

མཱིས་ལཱ་ལ་མཇལ་འཕྲད་གནང་སྐབས་ཏེན་ཞའེ་ཞང་གིས། ཀྲུང་གོ་དང་དབྱིན་ཇི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྤྱི་གཟུགས་གཙོ་བོའི་གྲས་ཤིག་ཡིན་པས། ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་རིང་མ་འགོར་བའི་སྔོན་ལ་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་དང་ཁ་པར་བཏང་སྟེ། ཀྲུང་གོ་དང་དབྱིན་ཇིའི་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་ཇེ་མང་དུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་དབྱིན་ཇི་ཕྱོགས་དང་མཉམ་དུ། འཐབ་ཇུས་དང་ཡུན་རིང་ལ་དམིགས་པ་དང་། བརྟན་འཇགས་དང་གཉིས་ཁེ་མཉམ་ཕན་གྱི་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྤུས་འདེགས་རིམ་སྤོར་ཐུབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་ནས། འཛམ་གླིང་ཞི་བདེ་དང་དར་རྒྱས་སུ་འགྲོ་བར་སྒུལ་ནུས་སྔར་ལས་མང་བོ་སྣོན་འདོད་ཡོད་ཅེས་བསྟན།

མཱིས་ལཱ་ཡིས་དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང་འཛུགས་སྐྲུན་རང་བཞིན་གྱི་ཁ་བརྡ་དང་། ལྷག་བསམ་དག་པའི་བརྗེ་རེས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གཅིག་འབྲེལ་དང་ཕན་ཚུན་བརྩི་འཇོག་གི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ། ལག་རྡང་མཉམ་སྦྲེལ་གྱིས་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།