ནུབ་བྱང་ས་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ནུབ་བྱང་ས་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟླ10པའི་ཚེས18ཉིན་ཟི་ལིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལིས་ཧོས་ཏུང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལེན་ཧུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་ཡིས་མགོ་འཛིན་བྱས། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཧྲན་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུས་མེན་ཧྥེ་དང་། ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧའོ་ཝེ་ཕིང་ཚོགས་འདུར་ཞུགས། 

ནུབ་བྱང་ཞིང་ལྗོངས་ལྔའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་མཉམ་དུ་ཞིབ་འཇུག་བྱས་པ་དང་། དེ་ནི་བྱ་བའི་རྐྱེན་སྲོལ་གསར་བ་ཞིག་ཡིན། ཚོགས་ཐོག་ཏུ། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་རང་སོ་སོའི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཆེད་མཁས་པ་དང་རིག་གནས་པས་བརྗེ་རེས་གཏམ་བཤད་བྱས་ལ། དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་འཆར་གྲོས་གཞི་བཏོན།

ཚོགས་ཐོག་ནས་བསྟན་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལག་རྩལ་གསར་གཏོད། ཚོང་རའི་དགོས་མཁོ་ཡི་ཐུན་མོང་སྐུལ་འདེད་འོད ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་དག་གཙང་ཅན་དེ་ཁུལ་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་མངོན་གསལ་ཁྱད་ཆོས་སུ་གྱུར། དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ་དང་། གཅིག་འདོམས་ཇུས་འགོད་དང་གོ་རིམ་ལྡན་པ་དང་ཚན་རིག་ལུགས་མཐུན་སྒོས་དག་གཙང་ནུས་ཁུངས་རྟེན་གཞི་གསར་སྤེལ་དང་འཛུགས་སྐྲུན་བྱས་ནས། དག་གཙང་ནུས་ཁུངས་ཀྱི་སྒྲིག་ཆས་ལྷུ་ཚན་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ལྗང་མདོག་ཐོན་ལས་ཕྲེང་འབྲེལ་གྲུབ་པར་བྱེད་དགོས། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། སྔར་ལས་སྒོ་འབྱེད་ཀྱི་བསམ་བློས་ཁྱད་ལྡན་ཐོན་ཁུངས་དང་སྲིད་ཇུས་ཐོན་ཁུངས་སླར་གསོ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་རྩིས་ནུས་བར་གྱི་ཕྱོགས་གཉིས་རྒྱུག་བསྐྱོད་མངོན་འགྱུར་བྱས་ནས། ཤར་གྲངས་ནུབ་རྩིས་བཟོ་སྐྲུན་གྱི་ལྗང་མདོག་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མི་སྣས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཉི་འོད་ནུས་པའི་ཐོན་ལས་རྟེན་གཞི་རུ་ལྟ་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།