ས་གནས་དེའི་དུས་ཚོད་ཟླ10ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་འཕེལ་རྒྱས་རྒྱལ་ཁབ་ཀྱི་ཁོངས་གཏོགས་གལ་ཆེན་ཡིན་པས། ཕྱོགས་གཉིས་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་རྒྱ་གར་གྱིས་ལོ་རྒྱུས་ཀྱི་བཞུར་རྒྱུན་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པར་བྱས་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཐབ་ཇུས་ཡིད་རྟོན་ཇེ་མང་དུ་གཏོང་བ་དང་ཕན་ཚུན་གྱི་འཕེལ་རྒྱས་ཕུགས་འདུན་ལེགས་འགྲུབ་འབྱུང་བར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་སྤྱིའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རང་སྟོབས་རང་སྤེལ་ཐུབ་པར་མིག་དཔེ་བསྐྲུན་པ་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ངོ་བོ་ནི་ཕྱོགས་གཉིས་པོ་མི་འབོར་དུང་ཕྱུར14ལྷག་ལ་བུད་པའི་ཁྱིམ་མཚེས་ཡིན་པས་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོས་འབྲེལ་འདྲིས་ཇི་ལྟར་བྱེད་པའི་གནད་དོན་དེ་ཡིན་ཞིང་། འཕེལ་རྒྱས་ནི་ཀྲུང་གོ་དང་རྒྱ་གར་གྱི་ད་ལྟའི་ཆེས་ཆེ་བའི་སྤྱི་གྲངས་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་རྒྱ་གར་གྱིས་ཕན་ཚུན་ལ་འཕེལ་རྒྱས་གོ་སྐབས་བསྐྲུན་པ་དང་། ཕན་ཚུན་ལ་འཇིགས་སྐུལ་མི་སློང་བ། མཉམ་ལས་གྲོགས་པོ་ཡིན་པ་ལས་འགྲན་ཡ་མིན་པ་སོགས་ཀྱི་ཐུན་མོང་འདུ་ཤེས་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཡང་དག་པའི་འཐབ་ཇུས་ངོས་ཤེས་རྒྱུན་འཁྱོངས་བྱས་ནས། ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་འཆམ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་བགྲོད་ལམ་ཞིག་མཉམ་དུ་འཆར་འགོད་བྱ་དགོས་ཞེས་ནན་གྱིས་གསུངས།
ས་གནས་དེའི་དུས་ཚོད་ཟླ10ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
མའོ་ཏིས་ཀྱིས་རྒྱ་གར་དང་ཀྲུང་གོའི་འབྲེལ་བས་བརྟན་འཇགས་འཕེལ་རྒྱས་སྲུང་འཛིན་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་གལ་འགངས་ཧ་ཅང་ཆེ་སྟེ། དེ་མི་དམངས་དུང་ཕྱུར28ཀྱི་བདེ་སྐྱིད་དང་མ་འོངས་པར་འབྲེལ་ཞིང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལའང་ཧ་ཅང་གལ་ཆེ་བ་ཞིག་ཡིན། རྙོག་འཛིང་ཆེ་བའི་ད་ལྟའི་རྒྱལ་སྤྱིའི་གནས་བབ་འོག གནའ་བོའི་དཔལ་ཡོན་ལྡན་ཞིང་དཔལ་འབྱོར་གྱི་སྒུལ་ཤུགས་ཆེན་པོ་གཉིས་ཡིན་པའི་ཆ་ནས། རྒྱ་གར་དང་ཀྲུང་གོའི་མཉམ་ལས་ལས་ཀྱིས་དཔལ་འབྱོར་སླར་གསོ་དང་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། རྒྱ་གར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་། འཐབ་ཇུས་ཡིད་རྟོན་ཇེ་མང་དུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད་ཅིང་། རྒྱ་གར་གྱིས་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་སྒྲུབ་པ་དང་། གསེར་གྱོམ་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཉམ་སྦྱོར་མཉམ་ལས་ལ་ཤུགས་སྣོན་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བསྟན།
འགོ་ཁྲིད་པ་རྣམ་གཉིས་ཀྱིས་ཉེ་ལམ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དམ་ཟབ་བྱས་པ་བརྒྱུད་མཐའ་མཚམས་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐད་ནས་འཕེལ་རིམ་གལ་ཆེན་ལོན་པར་གདེང་འཇོག་ནན་མོ་བྱས། མའོ་ཏིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་གཏོང་བའི་ཐད་ནས་བསམ་བཀོད་དང་གྲོས་གཞི་བཏོན་ཞིང་། ཞི་ཅིན་ཕིང་གིས་རྩ་དོན་སྟེང་འཐད་པ་ཡིན་པའི་ཚུལ་བསྟན།
རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོང་བཟང་པོ་བྱེད་པ་དང་། དྲང་གཞག་ལུགས་མཐུན་གྱི་ཐད་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པར་ཕྱོགས་གཉིས་འཐད་པ་བྱུང་།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རིམ་པ་སོ་སོའི་དཔོན་རིགས་ཀྱིས་ཁ་བརྡ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་མོ་ནས་བརྟན་འཇགས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་བའི་སྐོར་ལ་ཕྱོགས་གཉིས་འཐད་པ་བྱུང་།
ཕྱོགས་མང་པོའི་ཐད་ནས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་ཕྱོགས་གཉིས་འཐད་པ་བྱུང་།
ཕྱོགས་གཉིས་ཀྱིས་བལྟས་ན། ཐེངས་འདིའི་མཇལ་འཕྲད་ལ་འཛུགས་སྐྲུན་རང་བཞིན་དང་དོན་སྙིང་གལ་ཆེན་ལྡན་པས། འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་ཟུར་ཚད་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་སྟངས་འཛིན་དང་ཐག་གཅོད་བྱེད་པ་དང་། བྱེ་བྲག་གི་འགལ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ལ་ཤུགས་རྐྱེན་མི་ཐེབས་པར་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་མི་དམན་པ་འཇོག་རྒྱུར་འཐད་པ་བྱུང་།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།