ཏིན་ཞུའེ་ཞང་གིས2024ལོའི་འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚན་རིག་པའི་འཐུས་མིར་ཐུག་འཕྲད་གནང་།
2024.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ10ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ2024ལོའི་འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚན་རིག་པའི་འཐུས་མིར་ཐུག་འཕྲད་གནང་།

ཟླ10ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ2024ལོའི་འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚན་རིག་པའི་འཐུས་མིར་ཐུག་འཕྲད་གནང་།

ཏིན་ཞུའེ་ཞང་གིས། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གསར་གཏོད་རྣམ་པས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་དགོས་མཁོ་ཆེ་བ་ཞིག་དང་། རྒྱལ་ཁབ་སོ་སོའི་མི་དམངས་དང་འཛམ་གླིང་ཚན་རྩལ་ལས་རིགས་ཀྱི་རེ་སྒུག་དང་འཚམ་པ་ཞིག་རེད། རྒྱལ་སྤྱིའི་ཁོར་ཡུག་ཇི་འདྲའི་རྙོག་འཛིང་ཆེ་ན། ཀྲུང་གོས་ལྷག་ཏུ་བློ་ཁོག་ཡངས་པོར་ཕྱེས་ངེས། ང་ཚོས་སྒོ་འབྱེད་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པའི་རྒྱལ་སྤྱིའི་ཚན་རྩལ་བྱ་བའི་མཉམ་ལས་འདུ་ཤེས་བློ་བརྟན་འགྱུར་མེད་སྒོས་དར་སྤེལ་བཏང་སྟེ། ཚན་རྩལ་གནད་དོན་གལ་ཆེན་གྱི་མཉམ་འབྲེལ་འགག་སྒྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་ནས། ཚན་རྩལ་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་དང་མིའི་རིགས་ལ་སྔར་ལས་ཕན་བདེ་བསྐྲུན་རྒྱུ་ཡིན་ཞེས་བསྟན།

ཐུག་འཕྲད་སྐབས་སུ། ཨ་མེ་རི་ཁ་དང་། ཡོ་རོབ་གླིང་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་བཅུ་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་དེ། སྒོ་འབྱེད་མཉམ་ལས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ཀྲུང་གོ་དང་བརྗེ་རེས་གཏིང་ཟབ་བྱེད་པ་དང་། མཉམ་ལས་བྱས་ནས་སྔར་ལས་མང་བའི་གསར་གཏོད་གྲུབ་འབྲས་བླངས་ཏེ། གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།