ཟླ10ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡིག་བསྐུར་ངོ་བཅར་ཅུའུ་ནས་ངོ་བཅར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བརྩེ་སེམས་དང་འགན་འཁྲི་འཁུར་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ནས། ཡིག་བསྐུར་ངོ་བཅར་ལས་དོན་དེ་མང་ཚོགས་ཀྱི་བློ་ལ་འབབ་ཐུབ་པ་ཞིག་བྱེད་དགོས།
ཞིང་ཆེན་ཡིག་བསྐུར་ངོ་བཅར་ཅུའུ་ཡི་མང་ཚོགས་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐེན་ཅ་ཀྲེ་སྡེ་བ་དང་མཚོ་སྔོན་གསར་གཏོད་འཛུགས་སྐྲུན་ཨར་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཡིག་བསྐུར་ངོ་བཅར་མང་ཚོགས་ཀྱི་འཐུས་མིར་སྣེ་ལེན་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཡུལ་དངོས་ནས་མང་ཚོགས་ཀྱིས་བཏོན་པའི་དྲོད་རླངས་མཁོ་འདོན་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། རེ་རེ་བཞིན་ལན་སྤྲད་པར་མ་ཟད། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། ཁེ་ལས་གཉེར་སྐྱོང་འཁོར་སྐྱོད། དམངས་ལ་སྟབས་བདེ་སྐྲུན་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་མྱོང་ཚོར་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་དང་ཞིབ་འདྲི་བྱས། ཁོས་བསྟན་དོན། དྲོད་རླངས་མཁོ་འདོན་བྱེད་པ་ནི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་དམངས་འཚོའི་དོན་དངོས་ཞིག་ཡིན་པས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར། སྲིད་གཞུང་དང་ཁེ་ལས། སྡེ་བ་བཅས་ཀྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། ནུས་ཤུགས་ཡོད་རྒུས་ལས་ཡུན་ལྡོག་སྒྲིག་དང་མྱུར་ཚད་དམ་འཛིན་བྱས་ཏེ། མྱུར་ཚད་མགྱོགས་ཤིང་སྤུས་ཚད་མཐོན་པོས་ཨར་ལས་ཡོངས་འགྲུབ་དམ་འཛིན་བྱེད་པ་དང་། དྲོད་རླངས་མཁོ་འདོན་འགན་ལེན་དང་སོལ་རླངས་བེད་སྤྱོད་བདེ་འཇགས་ལས་དོན་ལེགས་པོར་སྒྲུབ་ནས། མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ལས་བརྒལ་ཐུབ་པ་བྱེད་དགོས། ཁོས་ད་དུང་བློ་གཅིག་སེམས་གཅིག་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པ། ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་གི་ཁ་དན་ཚིག་གནས་དང་ཁ་ཆད་ལག་བསྟར་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱེད་དགོས་པའི་བླང་བྱ་བཏོན།
ཡིག་བསྐུར་ངོ་བཅར་སྣེ་ལེན་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཆབ་སྲིད་རང་བཞིན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། ཡིག་བསྐུར་ངོ་བཅར་ལས་དོན་གྱིས་དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ནས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དང་འགན་སྲུང་བྱེད་དགོས། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བཅོས་སྒྱུར་ཟབ་སྤེལ་དང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་དང་གཏིང་ཟབ་པ། འབྲེལ་མཐུད་ནུས་ལྡན་བཅས་ཀྱི་ཡིག་བསྐུར་ངོ་བཅར་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བྱ་བའི་མ་ལག་འཛུགས་དགོས། ཡིག་བསྐུར་ངོ་བཅར་བསགས་གྱོད་གྲངས་འབོར་ཅན་དུ་བསྒྱུར་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། བསགས་གྱོད་མཁྲེགས་གཏོར་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་ཐག་གཅོད་ལེགས་པོ་བཅས་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། “གཞི་རིམ་དུ་སྐྱོད་པ་བཞི”ཡི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ། ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་མཁྲེགས་གཏོར་བྱ་སྤྱོད་མུ་མཐུད་དུ་སྤེལ་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣེ་མང་ཅན་དུ་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གནད་དོན་གཞི་རིམ་དུ་ཐག་གཅོད་དང་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས། ཡིག་བསྐུར་ངོ་བཅར་ལས་སྒོའི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འདུ་ཤེས་ཀྱི་རིག་ལམ་དང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ། ཡིག་བསྐུར་ངོ་བཅར་ལས་སྒོའི་བྱ་བའི་ལམ་སྲོལ་མུ་མཐུད་དུ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིས་ཧུང་ཡ་སྣེ་ལེན་ལ་ཞུགས།
སྒྲོལ་མ་སྐྱིད།