ཀྲུང་གུང་འཐུས་ཚབ་ཚོགས་པས་ཐེ་གོ་རུ་འཚམས་འདྲི་བྱས།
2024.10.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཐེ་གོ་ཝེ་ཐེ་ཏང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ10པའི་ཚེས21ཉིན་ནས་ཚེས24ཉིན་བར་ཐེ་གོ་རུ་འཚམས་འདྲི་བྱས་ཤིང་། ཐེ་གོའི་ཙུང་ལི་གཞོན་པ་དང་ནུས་ཁུངས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་ཕུས་ལཱ་ཕན་དང་། ཝེ་ཐེ་ཏང་གི་ཏང་ཙུའུ་གཞོན་པ་ཧྲོའུ་ཁྲུའུ་སཱ་སོགས་སྲིད་ཏང་གི་སྲིད་འཛིན་མི་སྣ་གཙོ་བོར་ཐུག་འཕྲད་བྱས་ཏེ།  གཙང་བོ་གཅིག་གི་ཆུ་མཉམ་འཐུང་བྱེད་པ་དང་། ཀྲུང་གོ་དང་ཐེ་གོ་ཡི་རྫ་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཏང་བརྗེ་རེས་ཚོགས་འདུར་ཞུགས་ཏེ། མཚོ་སྔོན་གྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་པའི་ཞིབ་ཕྲའི་ལག་ལེན་མཉམ་སྤྱོད་བྱས།

ཐེ་གོ་ཡི་ལས་རིགས་སོ་སོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་གོ་སྐབས་གཙིགས་ཆེར་བཟུང་སྟེ། སང་ལོའི་ཀྲུང་གོ་དང་ཐེ་གོ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་དང་རྫ་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་སྒྲོམ་གཞིའི་འོག་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐེ་གོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལྷ་མོ་འཚོས་བསྒྱུར།