ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ་ཡི་འགོ་ཁྲིད་ལ་ཐུག་འཕྲད་བྱས།
2024.10.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཟླ10ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ་རུ་སོང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྙན་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་དང་ཧུར་ཐག་གིས་རྒྱབ་སྐྱོར་བརྩོན་ལེན་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ལིའུ་ཝུའེ་དང་ཞིང་ལས་དང་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧན་ཅུན་གྲོས་མོལ་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་དུས་ཡུན་རིང་པོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས།  ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་་པ་དང་།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་མཛད་པར་པར་མ་ཟད།  གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པར་མ་ཟད་སྒུལ་ཤུགས་ཆེན་པོ་བསྩལ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གྱི་ཁ་ཕྱོགས་དེད་དེ་བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་མཁན་བྱས་ཏེ། བརྩེ་བ་དང་ཕན་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ཤུགས་ཆེན་པོས་དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཆེན་པོ་གཏོང་དགོས།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་མཚོ་སྔོན་གྱི་བྱ་བར་སྔར་བཞིན་མུ་མཐུད་དུ་དོ་སྣང་དང་མཛུབ་སྟོན་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགྲིམ་འགྲུལ་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་ཡུལ་སྐོར་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་ཚང་བ། འགྲིམ་འགྲུལ་དང་གཞུང་ལམ་གྱི་དོ་དམ་ཇེ་ལེགས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་སྣ་ཚོགས་འཛུགས་སྐྲུན་བྱེད་པ། ཚད་གཞི་མཐོ་བའི་ཞིང་ས་སྒྱུར་བཀོད་སོགས་ཀྱི་ཐད་མཐུན་སྦྱོར་དང་རོགས་རམ་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

ལིའུ་ཝུའེ་དང་ཧན་ཅུན་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་གི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པར་མ་ཟད། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་དང་ཞིང་སྡེའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱབ་སྐྱོར་རེ་ཞུའི་བྱ་བར་ཧུར་ཐག་སྒོས་ལན་བཏབ།   ཁོ་ཚོས་བསྟན་དོན།  རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་ལ་དམིགས་བསལ་དང་གལ་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡང་ཧ་ཅང་ཡངས་པོ་ཡོད། རྗེས་ཕྱོགས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ།  མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ནས།  ཞིང་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཞིང་སྡེའི་འཕེལ་རྒྱས་སྔར་ལས་དམ་འཛིན་ཡག་པོ་བཅས་བྱས་ནས།  པུའུ་དང་ཞིང་ཆེན་མཉམ་ལས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུའུ་ཁྲང་ཀོང་དང་ཝང་ཀང་། སྤྱི་ཁྱབ་འཆར་འགོད་པ་ཝུའུ་ཁྲོན་ཀུན། ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཞིན་ཝང་། རྒྱལ་ཁབ་ཀྱི་དབུ་བཞུགས་ཕྱུགས་རིགས་སྨན་པ་ཐའོ་ཧོའེ་དབྱིན། ཞིང་ཆེན་གྱི་འགོ་ཁྲིད་པ་ཚེ་རིང་ཐར་དང་ཧི་ལུའུ་ཁྲོན་བཅས་སོ་སོ་གྲོས་མོལ་ལ་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།