ཟླ10པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་ཡིས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མི་དམངས་ཚོགས་པ་སོ་སོའི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཟུར་པ་མཱ་ཅིས་ཞའོ་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་བརྟན་པོའི་འོག རྒྱ་ཆེའི་བཟོ་ཚོང་ལས་རིགས་པ་དང་དམངས་གཉེར་དཔལ་འབྱོར་མི་སྣའི་སྣེ་ཁྲིད་དེ། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། དུས་རབས་ཀྱི་རྩོམ་ཡིག་ཡག་པོར་བྲིས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མཐུན་ཚོགས་ཀྱི་བྱ་བར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པ། ཞབས་ཞུ་གཙོ་བོར་བརྩིས་ནས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དང་། ཚོགས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོབ་བྱེད་ཅིང་། ཐུན་མོང་ཕྱུག་འགྱུར་དེ་བྱ་བའི་འགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་། མཐུན་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་འཁོར་རྒྱུག་རྐྱེན་སྲོལ། བྱ་བའི་བྱེད་ཐབས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ལྟར། བདེ་ཐང་གཉིས་ཀྱི་བརྗོད་དོན་དམ་འཛིན་བྱས་ཤིང་། ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་དང་རམ་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་ཀྱི་རྣམ་པ་གསར་བ་མངོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དེ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཞབས་ཞུའི་བྱེད་ཐབས་ལག་བསྟར་བྱས་ནས་ཞབས་ཞུའི་ཕན་ནུས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་ནས་དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ལྟ་བ་གསར་བ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་ཧུར་ཐག་སྒོས་ཟབ་ཞུགས་བྱེད་དགོས། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་དང་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་། ཀྲུང་ཧྭའི་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པ་དང་། ཁེ་ལས་དང་གཞི་རིམ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཚོང་ཚོགས་རྩ་འཛུགས་བཅས་ཀྱི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད་སྤེལ་ཞིང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་བྱ་བ་བསྒྲུབ་ནས་ལོ་ངོ་ཉི་ཤུ་ལོན་པའི་ལས་བྱེད་ལས་བཟོ་པའི་འཐུས་ཚབ་པར་གཟི་བརྗིད་དཔང་ཡིག་སྤྲད།
ལྷ་མོ་འཚོས་བསྒྱུར།