ཀྲའོ་ལི་ཅི་ཡིས་ཧྥིན་ལན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.10.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 5

ཀྲའོ་ལི་ཅི་ཡིས་ཧྥིན་ལན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་པེ་ཅིང་དུ་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ74འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ནས་མངའ་ཁོངས་ཀྱི་རྒྱ་ཁྱོན་མི་འདྲ་བ་དང་། རིག་གནས་མི་འདྲ་བ། ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བཅས་བར་ཞི་བདེ་མཉམ་གནས་དང་མཛའ་གྲོགས་འགྲོ་འོང་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སི་ཐུའུ་པུའུ་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ཧྥིན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་རེས་འབྲེལ་བ་གསར་པ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་་དམངས་འཐུས་ཚོགས་ཆེན་གྱིས་ཧྥིན་ལན་གྱི་གྲོས་ཚོགས་དང་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་དུ་སྤེལ་ནས་བརྗེ་རེས་མཉམ་ལས་དམ་ཟབ་བྱེད་པ་དང་། ཁྲིམས་འཛུགས་ལྟ་སྐུལ་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་ནས།   ཀྲུང་ཧྥིན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།

སི་ཐུའུ་པུའུ་ཡིས་བསྟན་དོན། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཁྲིམས་འཛུགས་སྒྲིག་གཞིའི་བར་འགྲོ་འོང་དམ་ཟབ་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་འདོད་ཡོད་ཟེར།

ཕིན་ཆིན་ཧྭ་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།