བློ་མཐུན་ཡའེ་ཞོན་ཕིང་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས1ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། གྲོས་ཚོགས་མ་འཚོག་སྔོན་བློ་མཐུན་ཡའེ་ཞོན་ཕིང་གི་གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་།
ཟླ11པའི་ཚེས1ཉིན། བློ་མཐུན་ཡའེ་ཞོན་ཕིང་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས1ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། གྲོས་ཚོགས་མ་འཚོག་སྔོན་བློ་མཐུན་ཡའེ་ཞོན་ཕིང་གི་གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་།
བློ་མཐུན་ཡའེ་ཞོན་ཕིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ་བཅས་ཡིན་ཞིང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས་མྱོང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཡའེ་ཞོན་ཕིང་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་ཞུས་ཤིང་། ཁོང་གིས་ཏང་ལ་བཅངས་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། མི་དམངས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས། དམངས་གཙོའི་སྤྱོད་ཚུལ་བཟང་པོ་དར་སྤེལ། གསར་འབྱེད་གསར་གཏོད་ཀྱི་ཡར་བརྩོན་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།
ཤ་བོ་རིན་མཚོས་བསྒྱུར།