ཟླ11པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་ལ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་བར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལིས་ཕེ་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། སི་ཕེན་གྱི་ས་ཆ་མང་པོར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཆེན་པོ་ཞུ་བ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་པོ་ཧྥེ་ལིས་ཕེ་དང་སྐུ་ཉིད་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་ཁྲིད་འོག གནོད་ཁུལ་མི་དམངས་རྣམས་སྔ་མོ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།
ཤ་བོ་རིན་མཚོས་བསྒྱུར།