ལིས་ཞི་ཡིས་དབྱི་ཐ་ལི་རུ་མཛའ་འབྲེལ་འཚམས་འདྲི་བྱས།
2024.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ10བའི་ཚེས30ཉིན་ནས་ཟླ11པའི་ཚེས2ཉིན་བར་དུ། དབྱི་ཐ་ལི་གྲོས་ཞུགས་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་དབྱི་ཐ་ལི་རུ་དངོས་གཞིའི་མཛའ་འབྲེལ་གྱི་འཚམས་འདྲི་བྱས་ཤིང་། རོ་མ་རུ་སོ་སོར་དབྱི་ཐ་ལིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ལུའུ་སཱ་དང་། སྲིད་གཞུང་གི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་དཔོན་པོ་ཐཱ་ཡ་ཉི་ལ་ཐུག་འཕྲད་བྱས།

ཟླ10བའི་ཚེས30ཉིན་ནས་ཟླ11ཚེས2ཉིན་བར་དུ། དབྱི་ཐ་ལི་གྲོས་ཞུགས་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་དབྱི་ཐ་ལི་རུ་དངོས་གཞིའི་མཛའ་འབྲེལ་གྱི་འཚམས་འདྲི་བྱས། འདི་ནི་ས་གནས་དེའི་དུས་ཚོད་ཟླ10བའི་ཚེས30ཉིན། ལིས་ཞི་ཡིས་རོ་མ་རུ་དབྱི་ཐ་ལིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ལུའུ་སཱ་ལ་ཐུག་འཕྲད་གནང་སྐབས་རེད།

ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་དང་། གནའ་བོའི་དར་གོས་ཚོང་ལམ་གྱིས་ལེ་བར་སྟོང་ཕྲག་གིས་བཅད་པའི་རྒྱལ་ཁབ་གཉིས་མཉམ་གཅིག་ཏུ་འབྲེལ་བར་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འགོར་བའི་ལོ་དང་། ཟླ་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཙུང་ལི་མེ་ལོ་ཉི་དང་བདེ་བླག་ངང་གྲོས་མོལ་མཛད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། སྔར་ལས་རྒྱུས་ཡོད་བརྟན་འཇགས་དང་། གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པའི་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་མཉམ་དུ་དངོས་འབེབས་བྱས་ཏེ། ཆབ་སྲིད་ཡིད་རྟོན་ཇེ་ཟབ་དང་སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་ཁྱབ་ཁོངས་དང་ལྗང་མདོག་ནུས་ཁུངས། གཞི་གྲངས་དཔལ་འབྱོར། མི་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། མི་ཆོས་བརྗེ་རེས་དམ་ཟབ་ཏུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད།

ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་ལ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འཛམ་གླིང་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་སྟེང་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དངོས་གཉེར་དོ་མཉམ་གྱི་རྩ་དོན་ལྟར། གྲོས་མོལ་ལ་བརྟེན་ནས་འབྲེལ་ཡོད་ཉོ་འཚོང་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་གཙོར་བཟུང་ཡོད། དབྱི་ཐ་ལིས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་སྟེ་མིག་རྒྱང་རིང་བོའི་ཟུར་ཚད་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཉོ་འཚོང་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་གྲོས་མོལ་འདུམ་འགྲིག་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་དབྱི་ཐ་ལི་དང་བཅས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་བརྟན་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཞི་ཡིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ནུས་ཚད་སྔ་ན་མེད་པ་དང་སྔར་བྱུང་མྱོང་མེད་པའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྣེ་ཁྲིད་མཛད་དེ། འགོ་རྟིང་སློག་པའི་རྒྱལ་ཁ་ཐོབ་ཅིང་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སྔར་ལས་ཡིད་ཆེས་དང་སྲུང་སྐྱོང་བྱེད་བཞིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་རྒོལ་བའི་བྱ་བའི་ཐད་བཀོད་སྒྲིག་སྔར་ལས་ལྷག་པ་བྱས་ཡོད། ང་ཚོས་ལམ་ལུགས་ཀྱི་དགེ་མཚན་ལ་རྒྱབ་རྟེན་དང་། ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་རྒོལ་བའི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། རྩ་ལག་མཉམ་བཅོས་དང་མ་ལག་བཅོས་སྐྱོང་མངོན་འགྱུར་བྱ་རྒྱུ་ཡིན།  ཀྲུང་གོས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། རུལ་སུངས་ངོ་རྒོལ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ལཱ་ལུའུ་སཱ་ཡིས་བསྟན་དོན། དབྱི་ཐ་ལི་དང་ཀྲུང་གོའི་མཛའ་བརྩེའི་འབྲེལ་བའི་རྒྱུན་རིང་ཞིང་།  ལོ་ངོ་བདུན་བརྒྱའི་སྔོན་དུ་མ་ཁི་པོ་ལོས་ཀྲུང་ཧྭའི་དཔལ་ཡོན་ནུབ་ཕྱོགས་རྒྱལ་ཁབ་དུ་མཚམས་སྦྱོར་བྱས་ཡོད། དབྱི་ཐ་ལི་དང་ཀྲུང་གོའི་ཆབ་སྲིད་རྐྱེན་སྲོལ་དང་འདུ་ཤེས་འཛིན་སྟངས་མི་འདྲ་ཡང་། རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་རེ་འདུན་རེད། རྒྱལ་ཁབ་ཚང་མར་རང་གི་འཕེལ་རྒྱས་བགྲོད་ལམ་གདམ་ག་བྱེད་པའི་དབང་ཆ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད་པས། དབྱི་ཐ་ལིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་དང་སྲིད་ཏང་བར་གྱི་ཁ་བརྡ་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད།

ཐཱ་ཡ་ཉི་ཡིས་བསྟན་དོན། ད་ལོའི་ཚུན་དུ། དབྱི་ཐ་ལི་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་མང་ཞིང་ཚགས་དམ་པས། ཕྱོགས་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་རྨང་གཞི་བརྟན་པོ་མངོན་པར་བྱས་ཡོད། ཀྲུང་གོ་ནི་དབྱི་ཐ་ལིའི་གལ་ཆེ་བའི་དཔལ་འབྱོར་མཉམ་ལས་གྲོགས་པོ་ཡིན་ཞིང་། ཕྱོགས་གཉིས་ལ་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། དབྱི་ཐ་ལིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་འགྲོ་འོང་དང་མཛའ་འབྲེལ་མཉམ་ལས་སྔར་ལས་དམ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དོ་སྙོམས་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་སྒོ་འབྱེད་ཀྱི་དཔལ་འབྱོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཅིང་། ཡོ་རོབ་དང་ཀྲུང་གོས་གྲོས་མོལ་ལ་བརྟེན་ནས་ཉོ་ཚོང་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བའི་ཐད་འབད་པ་ཧུར་ཐག་བྱེད་འདོད་ཡོད། མིག་སྔར་གྱི་རྒྱལ་སྤྱིའི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་བརྡ་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་བརྟན་འཇགས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཞི་ཡིས་ད་དུང་ཝེ་ཉི་སི་རུ་འཚམས་འདྲི་བྱས་ཏེ། ས་གནས་ཀྱི་སྲིད་གཙོ་དང་ཐུག་འཕྲད་བྱས་ཤིང་། དེང་རབས་ཀྱི་མ་ཁི་པོ་ལོ་བྱས་ཏེ། མཛའ་བརྩེའི་འབྲེལ་བ་གསར་འཛུགས་བྱེད་ཅེས་པའི་གནའ་དུས་དབྱི་ཐ་ལིའི་ཡུལ་སྐོར་པ་མ་ཁི་པོ་ལོ་འདས་ནས་ལོ་བདུན་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་རིག་གནས་བརྗེ་རེས་ཀྱི་བྱ་འགུལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།