ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཧྲང་ཧའེ་རུ་རྟོག་ཞིབ་བྱས། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དམངས་འཐུས་ཚོགས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཁྲིམས་སྐྱོང་བགྲོད་ལམ་སྟེང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིས་ཧུང་ཀྲུང་ཞུས་ཧུའེ་ཆུས་ནུབ་འགྲམ་གྱི་ཀྲི་ཐ་དང་། དཔེ་དབྱིབས་ཆེན་པོའི་གསར་སྐྲུན་སྐྱེ་ཁམས་སྡེ་ཁུལ་དུ་ཕེབས་ནས་མིའི་ཐབས་རིག་ནུས་གསར་སྐྲུན་ཐོན་ལས་ཀྱི་སྐྱེ་ཁམས་འཕེལ་རྒྱས་དང་། དཔེ་དབྱིབས་ཆེན་པོའི་ཆེད་ལས་གསོ་སྐྱོང་། གཞི་རྟེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་པ་དང་། ཧྲང་ཧའེ་ཡི་ཚན་རྩལ་གསར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། ཧྲང་ཧའེ་ཡིས་ཚན་རྩལ་གསར་སྐྲུན་གྱི་གཞི་ཁུངས་ནུས་པ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་རྟོག་ཞིབ་བྱས།
ལིས་ཧུང་ཀྲུང་གིས་ནན་གྱིས་བསྟན་དོན། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། བཅོས་སྒྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་ལག་བསྟར། ཚན་རྩལ་གསར་སྐྲུན་དང་མིས་བཟོས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་སོགས་ཐད་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་དགོས། ས་གནས་ཀྱི་ཁྲིམས་འཛུགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་ལ་ཚོད་འཛིན་ཐེབས་པའི་འགག་རྩའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ཏེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།