ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཟླ་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ཡིས་ཕན་ཚུན་བར་འབྲེལ་བ་བཙུགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་མོང་གོལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་མུ་མཐུད་དུ་སྲོལ་རྒྱུན་མཛའ་བརྩེ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཚོང་དོན་དངུལ་གཏོང་དང་། འགག་སྒོ་འབྲེལ་མཐུད། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་མུ་མཐུད་དུ་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།
ཨའོ་ཡུན་ཨི་ཨར་ཏིན་གྱིས་བསྟན་དོན། ད་ལོ་ནི་མོང་གོལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། འགག་སྒོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་འཕར་གཞི་གསར་པ་འཚོལ་ཞིབ་བྱེད་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཟེར།
མཇལ་འཕྲད་མཇུག་བསྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགྲེམས་སྟོན་གྱི་མཛད་སྒོར་ཞུགས།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་གཉིས་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།