ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།
ད་ལོའི་ཟླ5པ་ནས་ཟླ9པའི་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས་དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཉིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། སྙན་ཞུའི་ནང་ཁྲིམས་འཛིན་ཞིབ་བཤེར་བྱ་བའི་གཞི་རྩའི་གནས་ཚུལ་དང་། བཅའ་ཁྲིམས་ལག་བསྟར་ཕན་འབྲས། གནས་པའི་གནད་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་པ་མ་ཟད་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། མ་ལག་འཛུགས་སྐྲུན་ལ་དམིགས་པ། དྲིལ་བསྒྲགས་འགྲེམས་སྟོན་ལ་ཤུགས་སྣོན་པ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། བཀའ་ཁྲིམས་ཀྱི་བྱ་བ་ཇེ་མགྱོགས་སུ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲིམས་སྐྱོང་བྱ་བ་ཇེ་དྲག་ཏུ་གཏོང་བར་འགན་སྲུང་བྱས།
གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་གིས་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། སྙན་ཞུའི་ནང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གྱི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གནས་པའི་གནད་དོན་དང་དཀའ་ངལ། སྤྱི་ཚོགས་འགན་སྲུང་གི་ཁྱབ་རྒྱ་དང་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། རྩེ་རིམ་ཇུས་འགོད་ལ་སྔར་ལས་ཤུགས་སྣོན་པ། དམངས་ཕན་དང་གཞི་ཁྱོན་གྱི་ཕན་ནུས་མཐོ་རུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་འགན་སྲུང་ཉེན་ཚབ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས།
གྲོས་ཚོགས་སྟེང་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ཕན་ཀུང་ཧྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་དངུལ་རྩའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།
གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས་པ་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར2023ལོའི་ལོ་འཁོར་གྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ཕུལ་བར་ཉན་པ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུས་ཧུང་ཚའེ་ཡིས་ཕུལ་བའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ལྟ་སྐུལ་དང་བརྟག་ཞིབ་ཀྱི་སྙན་ཞུ་ལ་ཉན།
གྲོས་ཚོགས་སྟེང་སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོའེ་ཅིན་ཕིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་སྟེང་རྩེར་སོན་གྱི་སློབ་ཆེན་དང་ལེགས་ཆའི་རིག་ཚན་བསྐྲུན་རྒྱུའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན་པ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཀོན་ཀྲི་ཨའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་བྱེ་འགོག་བྱེ་བཅོས་བྱ་བ་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།
གྲོས་ཚོགས་སྟེང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཕུལ་བའི་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཕུལ་བའི་མི་དམངས་ཞིབ་དཔྱོད་ཁང་གི་སྲིད་འཛིན་ཞིབ་དཔྱོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།
ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཤ་བོ་རིན་མཚོས་བསྒྱུར།