ལིས་ཆང་གིས་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གི་འགོ་གཙོར་མཇལ་འཕྲད་གནང་།
2024.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར་ཁོན་མེན་དུ། ཀྲུང་གོ་རུ་མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་མཁན་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ཆན་ཁྲོན་ཡ་སིར་མཇལ་འཕྲད་གནང་།

ལིས་ཆང་གིས་ད་ལོ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས། ཨེ་ཤ་ཡ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དངུལ་ཁང་དང་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། མ་དངུལ་དང་ཤེས་བྱའི་མཉམ་ལས་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་དངུལ་ཁང་གི་ལས་སྟེགས་བརྒྱུད་དེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་དབུལ་པོ་ཉུང་གཏོང་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཐད་ཀྱི་ཀྲུང་གོའི་ཕན་ལྡན་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པའི་དཔལ་འབྱོར་མཉམ་ལས་ནང་མུ་མཐུད་འབད་པས་ཞུགས་པ་དང་རྒྱབ་སྐྱོར་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་ས་ཁོངས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཆན་ཁྲོན་ཡ་སི་ཡིས་ཨེ་ཤ་ཡ་གསར་སྤེལ་དངུལ་ཁང་གིས་སྔར་ལས་ཤུགས་ཆེ་བ་དང་ཕྱོགས་ཡོངས་ཀྱི་ཀྲུང་གོའི་བར་མཉམ་ལས་བྱེད་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་ཤེས་བྱ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་གོང་གསལ་མཇལ་འཕྲད་ལ་ཞུགས།