​རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས།
2024.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ11པའི་ཚེས6ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

ཟླ11ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་ཚུལ་སྐོར་གྱི་སྙན་ཞུ་དང་། རིག་རྫས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་གཏན་འབེབ་འཆར་ཟིན་བཟོ་བཅོས་བསམ་ཚུལ་སྐོར་གྱི་སྙན་ཞུ། གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་བཟོ་བཅོས་གཏན་འབེབས་འཆར་ཟིན་གྱི་བཟོ་བཅོས་བསམ་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པར་མ་ཟད།  ནུས་ཁུངས་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་ཚུལ་སྐོར་གྱི་སྙན་ཞུ་དང་། ནག་དངུལ་དག་འབུལ་བཅའ་ཁྲིམས་བཟོ་བཅོས་གཏན་འབེབ་འཆར་ཟིན་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་སྙན་ཞུ། རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟ་ཁུལ་གྱི་གྲོང་ཁྱེར་གནས་སྐབས་ལེགས་སྒྲིག་བེད་སྤྱོད་རྩིས་གྲངས་བཅའ་ཁྲིམས་ཀྱི་ཆོག་འཐུས་དབང་ཆ་རྒྱུན་སྲིང་བྱེད་པའི་འབྲེལ་ཡོད་གཏན་འབེབས་ཀྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན་ཞིང་། འབྲེལ་ཡོད་འཆར་ཟིན་བཟོ་བཅོས་མ་ཡིག་དང་ཐག་གཅོད་འཆར་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུའུ་ཧུང་ཚའེ་ཡིས་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་སྲིད་གཞུང་གི་དངུལ་བུན་ཚད་བཀག་བརྗེ་བཀོད་གསོག་འབོར་གྱི་ཡིབ་གཤིས་དངུལ་བུན་ཇེ་མང་དུ་གཏོང་བའི་གྲོས་གཞིའི་སྐོར་གྱི་གྲོས་ཞིབ་རེ་ཞུའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་།  གྲོས་གཞི་དེར་ཆོག་མཆན་འགོད་པའི་སྐོར་གྱི་འབྲེལ་ཡོད་ཆོད་དོན་འཆར་ཟིན་གྱི་མ་ཡིག་ཚབ་མར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི་སྙིགས་རོ་དང་དངོས་རྫས་གཞན་པ་བླུགས་ནས་རྒྱ་མཚོར་རྫད་སྐྱོན་གཏོང་བ་སྔོན་འགོག་བྱེད་པའི་སྤྱི་ཆིངས་ཀྱི1996ལོའི་གྲོས་དོན་གཏན་འབེབས་ཡི་གེའི་བཙོག་ཆུ་བཙོག་འདམ་སྐོར་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་ཞུར་ཉན་པ་དང་། ཆོག་མཆན་བཀོད་པའི་འབྲེལ་ཡོད་ཆོད་དོན་འཆར་ཟིན་གྱི་མ་ཡིག་ཚབ་མའི་སྐོར་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ལས། གོང་གི་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལིས། ཧོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན་བཅས་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།