ཝང་ཧུའུ་ཉིང་གིས་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སཱོ་ལ་མཇལ་འཕྲད་གནང་།
2024.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུའ་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སཱོ་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུའ་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སཱོ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་གཉིས་ཀྱི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡ་སི་ཁཱ་ནེ་ཨར་གྱིས་ཐེངས་གཉིས་ལ་གྲོས་མོལ་གནང་སྟེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་ཁུ་པ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱེད་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁུ་པ་ཕྱོགས་དང་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས། མི་དམངས་བཅས་བར་གྱི་མཛའ་བརྩེའི་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ལཱ་སཱོ་ཡིས་བཤད་རྒྱུར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ། ཁུ་པ་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་ཅིང་། ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་ཐུགས་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཁུ་པས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཏིས་ཡ་སི་ཁཱ་ནེ་ཨར་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་། ཏང་འཛུགས་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ཤུགས་བསྣན་ཏེ། ཁུ་པ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

ཧྲི་ཐེ་ཧྥིན་དང་ཧྲའོ་ཧུང་སོགས་ཐུག་འཕྲད་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།