ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས།
2024.11.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

 ཟླ11པའི་ཚེས7ཉིན།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་འགོ་འཛིན་བྱས་ཏེ། ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་འགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་དང་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཕྱོགས་ཡོངས་དང་ཡང་དག་པ། ཁོང་དུ་ཆུད་པ་བཅས་ཀྱི་ཐད་ཕན་འབྲས་ཐོན་པར་བྱེད་པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་དང་།  དུས་རབས་གསར་པར་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ།   བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཡོ་བསྲང་གསར་གཏོད་རྒྱུན་འཁྱོངས་བྱེད་པའི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་དོན་འཁྱོལ་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།  བཅོས་སྒྱུར་གྱི་ཁ་ཕྱོགས་གནད་ལ་འཁེལ་བ། བཅོས་སྒྱུར་གྱི་འགན་འཁྲི་ཆེ་རུ་གཏོང་བ། བཅོས་སྒྱུར་གྱི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ།   བཅོས་སྒྱུར་མཐའ་གཅིག་ཏུ་བྱེད་དགོས། བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་དང་ཇུས་འགོད་བྱེད་པའི་ཐད་ཕན་འབྲས་ཐོན་པ་དང་། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་གཙོ་གནད་འདི་འབུར་དུ་ཐོན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”མཉམ་བསྲེས་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ། མཚོ་སྔོན་གྱི་མཚོན་རྟགས་རང་བཞིན་ལྡན་པའི་གསར་གཏོད་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། ཁྱད་པར་རང་བཞིན་བཅས་ལྡན་པའི་བཅོས་སྒྱུར་འཚོལ་ཞིབ་བཅས་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་སྔར་ལས་ལེགས་པར་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། ལས་འགན་དོན་འཁྱོལ་ཡོང་བར་བྱེད་རྒྱུ་དམ་འཛིན་ལེགས་པོ་བྱེད་པའི་ཐད་ཕན་འབྲས་ཐོན་པ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། ཇུས་འགོད་བཀོད་སྒྲིག་བྱེད་མཁས་པོ་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱེད་པ། བདེན་སྲུང་གསར་གཏོད་དམ་འཛིན་དང་རྐང་འཛིན་སྣེ་ཁྲིད་བྱེད་མཁས་པོ་བྱེད་པ། འགག་སྒྲོལ་དཀའ་སེལ་དང་དཔེར་འོས་སྣེ་ཁྲིད་བྱེད་མཁས་པོ་བྱེད་པ། འགན་འཁྲི་ཁ་གསལ་དང་། ཕྲེང་འབྲེལ་ཆ་ཚང་བ། རིམ་པ་རེ་རེ་བཞིན་དམ་འཛིན་བཅས་ཀྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།  བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐོར་ཞིབ་དག་ཐེར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། སྲིད་གཞུང་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པ་སོགས་ཀྱི་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་དམངས་སྲིད་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ། གསེར་གྱོམ་རྒྱལ་ཁབ་བཅས་དང་ཚན་རྩལ་གསར་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས།  ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། “སྤྱི་འདོམས་དོ་སྙོམས”དང“ཞན་ཆར་ལྟ་རྟོག” བྱེད་པ་གཙོ་གནད་དུ་བརྩིས་ནས།  ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཟླ10པའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་། གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱས་ནས།  ནུས་ཤུགས་ཡོད་རྒུས་མཇུག་མཐའི་ཟླ་བ་གཉིས་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས། རིག་གནས་ཡུལ་སྐོར་དང་གངས་འཁྱགས་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཁྲོམ་ར་གསར་སྤེལ་དང་། ཐོན་རྫས་མཁོ་སྤྲོད། ཁྱབ་གདལ་དང་ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།