སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་གིས་གདན་དྲངས་པ་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཟླ11པའི་ཚེས10ནས་ཚེས11བར་སིང་ག་ཕོར་དུ་འཚམས་འདྲི་གནང་རྒྱུ་ཡིན་པ་དང་། ཙུང་ལི་གཞོན་པ་ཡན་ཅིན་ཡུང་དང་ལྷན་དུ་ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་དང་། ཀྲུངགོ་དང་སིང་ག་ཕོར་གྱི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ། ཀྲུང་གོ་དང་སིང་ག་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་མཁར་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པ། ཀྲུང་གོ་དང་སིང་ག་ཕོར་གྱི་(ཁྲུང་ཆིན)འཐབ་ཇུས་རང་བཞིན་གྱི་ཕན་ཚུན་འབྲེལ་མཐུད་དཔེ་སྟོན་རྣམ་གྲངས་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བརྒྱད་པ་བཅས་ལ་འགོ་འཛིན་གནང་རྒྱུ་རེད།
ཨ་སའེ་པའེ་ཅིང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཟླ11པའི་ཚེས12ནས་ཚེས13ཉིན་བར་ཨ་སའེ་པའེ་ཅིང་དུ་འཛམ་གླིང་གི་འགོ་ཁྲིད་པའི་གནམ་གཤིས་འགུལ་སྐྱོད་རྩེ་ཚོགས་ལ་ཞུགས་རྒྱུ་མ་ཟད་ཨ་སའེ་པའེ་ཅིང་གི་ཙུང་ལི་གཞོན་པ་མུའུ་སི་ཐ་ཧྥ་ཡེ་ཧྥུའུ་ཡིས་གདན་དྲངས་པ་ལྟར་ཨ་སའེ་པའེ་ཅིང་དུ་འཚམས་འདྲི་གནང་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།